འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་20ཉིན།

༄༅།།བོད་ཀྱི་2021ལོའི“དཔེ་འཛར་ལྗང་ཁུའི”རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་20ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་དུས། བོད་ཀྱི་2021ལོའི“དཔེ་འཛར་ལྗང་ཁུའི”རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་ཅང་སུའུ་སློབ་འབྲིང་དུ་སྤེལ་འགོ་ཚུགས་པ་རེད།
   བྱེད་སྒོ་དེ་ནི་བོད་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་རིམ་པ་གསུམ་གྱི་དྲིལ་བསྒྲགས་སྡེ་ཚན་དང་། དེ་བཞིན་རིམ་པ་གསུམ་གྱི“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“ལྗང་སྲུང་2021ལོའི”ཆེད་དོན་བྱ་སྤྱོད་དང“འཆལ་རྡུང་ལོག་སེལ”གྱི་བྱེད་སྒོ་གཞི་རིམ་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་རེད།
    བྱེད་སྒོ་དེ་སློབ་མ་ཚོར་ཕུལ་བྱུང་གི་ལོ་ཆུང་བྱིས་པའི་སློབ་དེབ་སྤྲོད་པ་དང་། “དཔེ་འཛར་ལྗང་ཁུ”བཀྲམ་པ། “དཔེ་འཛར་ལྗང་ཁུར”མིང་རྟགས་འགོད་པ། དགེ་སློབ་སྒྲིག་འཛུགས་བྱས་ནས“འཆལ་རྡུང་ལོག་སེལ”གྱི་བྱ་དགའ་ཡོད་པའི་ཤེས་བྱར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་གྲྭའི་དགེ་སློབ་ཚོ“དཔེ་འཛར་ལྗང་ཁུའི”བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང“དཔེ་ཀློག་ལ་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ”བཅས་དང“དཔེ་དེབ་ཡང་དག་ངང་ཀློག་པ་དང་། ཡ་རབས་ཚུལ་ལྡན་ངང་དཔེ་དེབ་ཀློག་པ། གནོད་ལྡན་ཆ་འཕྲིན་རིང་དུ་སྤོང་བ་དང་བཀག་འགོག་བྱེད་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།
   བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཕུར་བུ་ཚེ་རིང་གིས་མིག་སྔར་བོད་ལྗོངས་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་བའི་དུས་སྐབས་སུ་སླེབས་ཡོད་པས། དབང་གནོད་དང་པར་གཞི་རྐུ་སྤྱོད་དང་དེ་བཞིན་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོར་རྡུང་རྡེག་གཏོང་བའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ངེས་པར་དུ་དྲིལ་བསྒྲགས་ལས་དོན་གྱི་རྣམ་པ་ཟམ་མི་ཆད་པར་གསར་གཏོད་ཀྱིས་དམ་འཛིན་ལྷོད་མེད་དང་ཕན་འབྲས་ཐོབ་པ་བྱེད་དགོས། དྲིལ་བསྒྲགས་ཀྱི་གཞི་རྟེན་སྣ་ཚོགས་གང་ལེགས་སྤྱད་དེ“དཔེ་འཛར་ལྗང་ཁུའི་2021ལོའི”རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་ཏན་ཏིག་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་པའི་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་བཤད་པ་རེད།