འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་19ཉིན།

༄༅།།ཀུའོ་མའེ་མའེ་ལ་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་19ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཧྲང་ཧའེ་ལྕགས་ལམ་སྐྱེལ་འདྲེན་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཀུའོ་མའེ་མའེ་དང་ཝང་ཙའུ་ཡ་གཉིས་ཀྱིས་དུག་དང་གནོད་ལྡན་བཟའ་བཅའ་བྲིན་ཚོང་བྱས་པའི་གྱོད་གཞི་དེ་ཁྲིམས་ལྟར་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད། ཁྲིམས་ཁང་དེས་ཞུ་སྦྱོར་ཞུ་མ་ཀུའོ་མའེ་མའེ་ཡིས་དུག་དང་གནོད་ལྡན་བཟའ་བཅའ་བཙོངས་པའི་ཉེས་པ་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་དྲུག་བྱས་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་20བཅད་པ་རེད།
     གཞུང་གཏུག་ལས་ཁུངས་ཧྲང་ཧའེ་ལྕགས་ལམ་སྐྱེལ་འདྲེན་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་པར་གཞིགས་ན། ཞུ་སྦྱོར་ཕྱི་མ་བ་ཀུའོ་མའེ་མའེ་དང་ཝང་ཙའུ་ཡ་གཉིས་ཀྱིས་2021ལོའི་ཟླ་1པོ་དང་2021ལོའི་ཟླ་2པ་ནས་བཟུང་། ཀྲའོ་ག་གེ་མོ་(གྱོད་གཞི་གཞན་ཞིག་གིས་ཐག་བཅད།)ཡིས་བྲིན་ཚོང་བྱས་པའི་ཤ་རིད་བྱེད་བྱི་རིལ་ནང་ཁྲིམས་འགལ་ངང་ཞི་པུའུ་ཆུས་མིང་སྦྱོར་རྟ་བྱས་པ་ཤེས་བཞིན་དུ། སྔར་བཞིན་སོ་སོས་སྒམ་ཆུང་རེར་སྒོར་699སོགས་རིན་གོང་ཐོག་ནས་ཕྱིར་འཚོང་བྱས་ཡོད་པ་རེད། གྱོད་གཞི་ཐོན་ནས་ཞུ་སྦྱོར་ཕྱི་མ་ཀུའོ་མའེ་མའེ་ཡིས་ཤ་རིད་བྱེད་བྱི་རིལ་སྒམ་100ལྷག་ཙམ་བཙོངས་པར་སྒོར་ཁྲི་7ལྷག་ཙམ་བསྡུས་ཡོད་པ་རེད། དེའི་རིང་ཞུ་སྦྱོར་ཕྱི་མ་བ་ཀུའོ་མའེ་མའེ་ཡིས་ད་དུང་ཞུ་སྦྱོར་ཕྱི་མ་བ་ཝང་ཙའོ་ཡ་ལ་དངོས་ཟོག་སྔོན་མངག་དང་དངུལ་སྤྲོད་རོགས་བྱས་ནས་སྒམ་བཞི་མཉམ་དུ་བཙོངས་པར་དངུལ་སྒོར་2796བསྡུས་ཡོད་པ་རེད། གྱོད་གཞི་ཐོན་རྗེས་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཤ་རིད་བྱེད་བྱི་རིལ་ནང་ཞི་པུའུ་ཆུས་མིང་གི་གྲུབ་ཆ་ཞིབ་བཤེར་ཐུབ་ཡོད། 
     གཞུང་གཏུག་ལས་ཁུངས་ཀྱིས་ཞུ་སྦྱོར་ཕྱི་མ་ཀུའོ་མའེ་མའེ་དང་ཝང་ཙའུ་ཡ་གཉིས་ཀྱི་བྱ་སྤྱོད་ཚང་མ་དུག་དང་གནོད་ལྡན་བཟའ་བཅའ་བྲིན་ཚོང་བྱེད་པའི་ཉེས་པ་བསགས་ཡོད་པའི་ངོས་འཛིན་བྱས་པ་རེད། 
མཐར་ཧྲང་ཧའེ་ལྕགས་ལམ་སྐྱེལ་འདྲེན་ཁྲིམས་ཁང་གིས་དུག་དང་གནོད་ལྡན་བཟའ་བཅའ་བཙོངས་པའི་ཉེས་པ་བསགས་པའི་ཞུ་སྦྱོར་ཕྱི་མ་ཀུའོ་མའེ་མའེ་ལ་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཟླ་བ་དྲུག་བྱས་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་20བཅད་པ་དང་། ཞུ་སྦྱོར་ཕྱི་མ་ཝང་ཙའུ་ཡ་དུས་བཀག་བཙོན་འཇུག་ཟླ་བ་བདུན་བྱས་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་1གི་ཆད་པ་བཅད།