འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་14ཉིན།

༄༅།།བོད་ཀྱིས་དར་བཟོ་ཆེ་བའི་སྤྲོ་གསེང་གཏོང་ཡུལ་གྱི་ལམ་ཐིག་9ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་14ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ་དང་བོད་ལྗོངས་ཚོང་འཕྲིན་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས“བོད་རིགས་ཀྱིས་བོད་ལ་ཡུལ་སྐོར་བྱེད་པའི”བྱེད་སྒོས་གཙོས་པའི་གྲོང་ཁྱེར་ཉེ་འཁོར་དང་། གྲོང་འདབས། གྲོང་གསེབ་བཅས་ལ་ཡུལ་སྐོར་བྱ་རྒྱུར་སྐུལ་འདེད་དང་དར་སྤེལ་ཤུགས་ཆེན་བཏང་ནས་ཡུལ་སྐོར་དཔལ་འབྱོར་གྱི་ནང་ཁུལ་འཁོར་རྒྱུག་བྱེད་མགྱོགས་སུ་གཏོང་ཆེད། ཉེ་ཆར། “བོད་ལྗོངས་གསར་པ། སེམས་ཀྱི་མཐོང་རྒྱ”བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཡུལ་སྐོར་གྱི་ལས་རྣམ་གསར་པ་མཉམ་སྤྱོད་ཀྱི་ཚོགས་འདུ་ལྷ་སར་འཚོགས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་སྤྱོད་ཚོགས་འདུའི་ཐོག“སེར་མདོག་གི་སྟོན་དུས”ཀྱི་དར་བཟོ་ཆེ་བའི་སྤྲོ་གསེང་གཏོང་ཡུལ་ལམ་ཐིག་9གཙོ་གནད་ཐོག་ཡོངས་བསྒྲགས་བྱས་པ་རེད། དེ་དག་ནི་མེས་རྒྱལ་ཁྲི་ལོར་བརྟན་པ་ཤོག་གི་རི་བོ་འཛེག་པ་དང་། ལྷུན་གྲུབ་ཞིང་རའི་གསར་བརྗེའི་ཡུལ་སྐོར། དབུལ་སྒྲོལ་དར་རྒྱས་འགྲེམས་ཁང་ལ་སྐྱོད་པ། གྲོང་གསེབ་ཀྱི་སྤུས་རྟགས་ཁྱིམ་ཚང་མགྲོན་ཁང་གི་སོས་དལ་ཡུལ་སྐོར། ལུང་རི་ལའི་ལྗོངས་གཟིགས་སྟེགས་བུའི་མཚོ་སྐོར། ཞང་ཞུང་མེ་ཏོག་ལ་ལྟ་བ། གྲ་ནང་གི་བྱེ་ཐང་ལ་སྐྱོད་པ། ཡངས་པ་ཅན་གྱི་ཆུ་ཚན་བརྒལ་བ། གཙང་དགའི་སྒར་སའི་ཕྱི་རོལ་བཟའ་བཏུང་ལ་རོལ་བ་བཅས་ཡིན། གོང་གསལ་གྱི་ཉེ་འདབས་ཀྱི་དར་བཟོ་ཆེ་བའི་སྤྲོ་གསེང་གཏོང་ཡུལ་9ཡིས་སྟོན་ཉམས་ལ་ལྟ་བ་དང་། གསར་བརྗེའི་ལོ་རྒྱུས་ཉན་པ། བོད་ཡུལ་གྱི་མི་ཆོས་དང་ཡུལ་སྲོལ་གོམས་གཤིས་མྱོང་རོལ། ཆུ་ཚན་བརྒལ་ནས་ལུས་གསོ། སོས་དལ་ངང་ཕྱི་རོལ་ལ་ལྟོ་བཟོ་བ། ཆུའི་རྦ་རླབས་ཀྱི་འཕྱོ་གཡེང་ལ་རོལ་བ་སོགས་ཡུལ་སྐོར་སྣ་ཚོགས་ཀྱི་དགོས་མཁོ་གང་ལེགས་བསྐོངས་ཐུབ་ལ། ལོ་ན་མི་འདྲ་བའི་ཡུལ་སྐོར་བས་རང་ཉིད་ཀྱི་དགོས་མཁོར་གཞིགས་ནས“སེར་མདོག་གི་སྟོན་དུས”ཀྱི་དར་བཟོ་ཆེ་བའི་སྤྲོ་གསེང་གཏོང་ཡུལ་གྱི་ལམ་ཐིག་འདེམས་ཆོག་གི་ཡོད།