འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།ཨོ་སི་ཁྲི་རི་ཡའི་ཙུང་ལི་ཡིས་ལས་ཁུར་རྩ་དགོངས་ཞུས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨོ་སི་ཁྲི་རི་ཡའི་ཙུང་ལི་ཡིས་ལས་ཁུར་རྩ་དགོངས་ཞུས་པ།
    མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་9ཉིན་གྱི་དགོང་མོར་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུར་ཚེ་ཡིས་ལས་ཁུར་རྩ་དགོངས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། ད་ཆའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ལུན་པེ་ཀེས་ཙུང་ལིའི་གོ་གནས་འཁུར་རྒྱུའི་མིང་འདོན་བྱས་པ་རེད།
    ཁུར་ཚེ་ཡིས་ཉིན་དེའི་དགོང་མོའི་གསར་འགོད་པའི་ཚོགས་འདུའི་ཐོག་སྤེལ་བའི་གསལ་བསྒྲགས་ཤིག་ནང་། ཨོ་སི་ཁྲུ་རི་ཡར“ཟླ་ཤས་རིང་ཟང་ཟིང་དང་ཕན་ཚུན་སྲ་འཛིན་”མི་ཐོན་པའི་ཆེད། ཁོང་གིས་ཙུང་ལིའི་གོ་གནས་དགོངས་ཞུ་བྱ་རྒྱུ་དང་འབྲེལ་ད་ལྟའི་ཕྱི་འབྲེལ་པུའུ་ཀྲང་ཧྲ་ལུན་པེ་ཀེས་ཙུང་ལི་གསར་པའི་འགན་འཁུར་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་ཞེས་བཤད། ཁུར་ཚེ་ཡིས། ལས་ཁུར་རྩ་དགོངས་ཞུས་པ་དེ་ནི་འབྲེལ་ཡོད་སྒྲིག་གཞིས་ཁོང་ལ་སྐྱོན་འདོན་ཞུ་གཏུག་བྱས་པར་ཁས་བླངས་པ་གཏན་ནས་མིན། ཁོང་གིས་མུ་མཐུད་སྲིད་འཛིན་བྱེད་མཁན་མི་དམངས་ཏང་གི་ཀྲུའུ་ཞིའི་འགན་འཁུར་རྒྱུ་མ་ཟད། མི་དམངས་ཏང་གི་གྲོས་ཚོགས་ཀྱི་ཏང་ཚོགས་ཀྱི་གཙོ་འཛིན་ཡང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
༄༅།།ཨོ་སི་ཁྲི་རི་ཡའི་ཙུང་ལི་ཡིས་ལས་ཁུར་རྩ་དགོངས་ཞུས་པ།