འཚོལ་བཤེར།   
藏文频道
2021ལོའི་ཟླ་10ཚེས་11ཉིན།

༄༅།།2021ལོའི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང(ཨར་ཧའེ)གླེང་སྟེགས་གཉེར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་11ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཏ་ལི་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་9ཉིན་2021ལོའི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང(ཨར་ཧའེ)གླེང་སྟེགས(གཤམ་དུ“ཨར་ཧའེ་གླེང་སྟེགས”ཞེས་བསྡུ་རྒྱུ)ཡུན་ནན་ཏ་ལིར་གཉེར་བ་དང་ཀྲུང་ཕྱིའི་སྐུ་མགྲོན་300ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི(COP15)ལྷན་སྦྱར་བྱེད་སྒོ་གལ་ཆེན་ཡིན་པའི་ངོས་ནས་གླེང་སྟེགས་ཀྱི་དམིགས་ཡུལ་ནི་རང་རྒྱལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཁྲོད་གཏིང་ཟབ་ཞུགས་པའི་ཐད་ཐོབ་པའི་གྲུབ་འབྲས་མངོན་པར་བྱ་ཆེད་རེད།
     གླེང་སྟེགས་གཙོ་བོའི་ནང་བརྗོད་དོན་གཙོ་བོའི་གཏམ་བཤད་དང་། སྐུ་མགྲོན་གྱི་གཏམ་བཤད། དཔེ་མཚོན་མཉམ་སྤྱོད། བརྗོད་དོན་གཙོ་བོར་གླེང་མོལ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད། གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ“སྐྱེ་ཁམས་ཤེས་དཔལ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་གོ་ལར་ཐུན་མོང་ཐོག་སྲུང་སྐྱོང་བྱེད”ཅེས་པར་དམིགས་ཏེ་ཀྲུང་ཕྱིའི་ཚོགས་ཞུགས་སྐུ་མགྲོན་གྱིས་དཔྱད་བསྡུར་དང་གླེང་མོལ་ཧུར་ཐག་བྱས་པ་རེད། གླེང་སྟེགས་ཐོག་ད་དུང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཀྲུང་གོའི་བློ་གྲོས་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྒྱལ་སྤྱིའི་ཁྱབ་སྤེལ། ལྗང་མདོག་དངུལ་རྩས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རམ་འདེགས་བྱེད་པ་སོགས་རིམ་མཚུངས་ཡན་ལག་གླེང་སྟེགས་4བཙུགས་ཡོད་པ་རེད།