འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་30ཉིན།

༄༅།།ཀན་སུའུ་ཞིང་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་30ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀན་སུའུ་ཞིང་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།
     མི་དམངས་དྲ་བར་ལན་ཀྲོའུ་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་28ཉིན་གྱི་དགོང་མོར། ཀྲུང་གུང་ཀན་སུའུ་ཞིང་ཨུ་དྲིལ་བསྒྲགས་པུའུ་དང་ཀན་སུའུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱེད་པའི“ཡིད་དུ་འོང་བའི་ཀན་སུའུ། ཚོན་མདངས་བཀྲ་བའི་ཤུལ་བཞག”ཞེས་པའི་ཀན་སུའུ་ཞིང་ཆེན་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་ལན་ཀྲོའུ་རོལ་དབྱངས་ཚོམས་ཆེན་དུ་འགོ་ཚུགས་པ་རེད། ཀན་སུའུ་ཞིང་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་25ཡི་རྒྱུན་འཛིན་པ་བརྒྱ་ལྷག་གིས་གར་སྟེགས་ཐོག་འགྲེམས་སྟོན་བྱས་ནས་ཡུལ་དངོས་དང་དྲ་ཐོག་གི་ལྟད་མོ་བ་ཚོར་རང་ཡུལ་གྱི་ཁྱད་ཆོས་ལྡན་ཞིང་ཐུན་མོང་མིན་པའི་ཤེས་དཔལ་གྱིས་ཕྱུག་པའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད་པ་རེད། 
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་བྱེད་སྒོའི་ནང་ཀན་སུའུ་ཞིང་ཆེན་གྱི་གྲོང་ཁྱེར(ཀྲོའུ)14ཡི་མཚོན་བྱེད་རང་བཞིན་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་ཞིང་ངོ་མཚར་ཆེ་བའི་དངོས་མིན་རིག་གནས་ཤུལ་བཞག་གི་ལེ་ཚན་འདུས་ཡོད་པ་དང་། འཁྲབ་སྟོན་དེ་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་རྣམ་པ་ཇི་མ་ཇི་བཞིན་སོར་འཇོག་གི་རྨང་གཞིའི་ཐོག་གར་སྟེགས་ཀྱི་རྣམ་པ་གསར་རྐྱང་གི་ཐོག་ནས་བརྙན་ལམ་འཁྲབ་སྟོན་དང་འཁྲབ་སྟོན་ཟུང་འབྲེལ་བྱས་ཏེ་འགོ་བརྗོད་དང་“ས་སེར་གྱི་མཛའ་མཐུན”དང་།“དར་གོས་ལམ་བུ”“རི་ཀླུང་གི་རོལ་དབྱངས”“དར་རྒྱས་དུས་ཀྱི་གླུ་གར”བཅས་འཁྲབ་ཚན་བཞི་ལས་གྲུབ་ཡོད་པ་རེད། དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་མཁན་ཚོས་འབད་འབུངས་ཡར་བརྩོན་དང་ཡར་ངོའི་ཟླ་བཞིན་ཡར་རྒྱས་འགྲོ་བའི་བསམ་པའི་ཉམས་འགྱུར་བཟང་པོས་དམངས་ཁྲོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་གར་སྟེགས་ཆེན་པོའི་ཐོག་འཁྲབ་སྟོན་བྱེད་བཞིན་ཡོད། ལག་ཤེས་པའི་བསམ་པ་དང་གསར་གཏོད་ཀྱི་བསམ་པར་བརྟེན་ནས་ཀན་སུའུ་ཞིང་ཆེན་གྱི་གཏིང་ཟབ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་མངོན་པ་དང་། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཁྱབ་ཁོངས་སུ་ཀན་སུའུ་ཞིང་ཆེན་ལ་ཐོབ་པའི་གྲུབ་འབྲས་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། དངོས་མིན་རིག་གནས་ཤུལ་བཞག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་མི་རབས་ནས་མི་རབས་བར་གྱི་གསར་གཏོད་ནུས་པ་མངོན་པ། དངོས་མིན་རིག་གནས་ཤུལ་བཞག་དང་སྤྱི་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་དགའ་ཞེན། ཞུགས་པ་བཅས་ཀྱི་རྣམ་པ་མངོན་ཡོད། 
【1】  【2】
༄༅།།ཀན་སུའུ་ཞིང་ཆེན་གྱི་དངོས་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱེད་སྒོ་སྤེལ་འགོ་ཚུགས་པ།