འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།རྒྱལ་སྟོན་གྱི་གུང་གསེང་ཉིན་བདུན་ལ་རིན་མི་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2021ལོའི་རྒྱལ་སྟོན་དུས་ཆེན་གྱི་ངལ་གསོའི་དུས་ཚོད་སླེབས་ལ་ཉེ་བས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བརྡ་ཐོའི་བླང་བྱ་གཞིར་བཟུང་རྒྱལ་ཡོངས་ཀྱི་དངུལ་བསྡུའི་གཞུང་ལམ་གྱིས་མུ་མཐུད་དུ་རླངས་འཁོར་འདུག་སྟེགས་བདུན་མན་དང་(བདུན་ཚུད་པ)རླངས་འཁོར་ཆུང་གྲས་ཤར་བགྲོད་གྲོན་དངུལ་བསྡུ་རྒྱུ་མ་རེད། ཞིབ་ཕྲའི་རིན་མི་དགོས་པའི་དུས་མཚམས་དེ་ཟླ་10ཚེས་1ཉིན་གྱི་ཆུ་ཚོད་00:00ནས་འགོ་ཚུགས་ཏེ་ཟླ་10ཚེས་7ཉིན་གྱི་ཆུ་ཚོད་24:00བར་མཇུག་སྒྲིལ་རྒྱུ་རེད། སྤྱིར་བཏང་གི་དངུལ་བསྡུའི་གཞུང་ལམ་དེ་རླངས་འཁོར་གྱིས་དངུལ་བསྡུའི་ས་ཚིགས་བརྒྱུད་པའི་དུས་ཚོད་ཚད་གཞིར་འཛིན་རྒྱུ་དང་། མྱུར་བགྲོད་གཞུང་ལམ་དེ་རླངས་འཁོར་ཕྱིར་གཏོང་དངུལ་བསྡུའི་ས་ཚིགས་ནས་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་དགོས།