འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་26ཉིན།

༄༅།།བོད་ལྗོངས་ཀྱི་འགོ་ཁྲིད་འདི་ཏང་དང་ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་26ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་དྲུང་ཡིག་གཞོན་པ་ལི་ཡུན་ཧྥུང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད། 
   ཞིབ་བཤེར་བྱས་པ་བརྒྱུད། ལི་ཡུན་ཧྤུང་གིས་ཕུགས་བསམ་དང་དད་སེམས། ཏང་གི་རྩ་དོན་དོར་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་དང་རྒྱབ་འགལ་གྱིས་སྒྲིག་ལམ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྤུ་ཙམ་ཡང་མེད་པར་གཞུང་གི་དབང་ཆ་དེ་སྒེར་གྱི་ལག་ཆར་བསྒྱུར་ནས་སྒྲིག་འགལ་ངང་གཞུང་གི་རླངས་འཁོར་སྤྱད་པ་དང་། སྒྲིག་འགལ་ངང་སྡེ་ཚན་གྱི་འཁོར་རྒྱུག་ཁང་པ་བཟུང་བ། སྒྲིག་འགལ་ངང་ཁ་གསབ་སྤྲད་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་དང་། ལག་རྟགས། སྐྱེས་དངུལ་བཅས་དང་ལེན་བྱས་པ་དང་། རྩ་འཛུགས་ཀྱིས་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ་དང་། སྒྲིག་འགལ་ངང་ལས་བྱེད་པའི་གོ་གནས་སྤར་བ་དང་ལས་གནས་ལེགས་སྒྲིག་བྱེད་སྐབས་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་རྒྱུ་ནོར་ལེན་པ། སྲིད་འཛིན་ཆོག་འཐུས་ཀྱི་བྱེད་སྒོ་དང་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་བྱེད་པ། འཚོ་བ་ངན་རུལ་དུ་གྱུར་ནས་མ་རབས་ཞེན་ཆགས་གཉེར་བ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་དང་། ཁེ་ལས་གཉེར་སྐྱོང་། འཁོར་རྟགས་གཉེར་སྒྲུབ་སོགས་ཀྱི་ཐད་རོགས་རམ་བྱས་ནས་ལྐོག་རྔན་འབོར་ཆེན་བླངས་ཡོད། 
   ལི་ཡུན་ཧྥུང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། རྩ་འཛུགས་ཀྱི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་ནས་གོ་གནས་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ་གོ་གནས་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་། མཚམས་མི་འཇོག་པ། ངོ་བོ་ངན་པ། གནས་ཚུལ་ཚབས་ཆེན་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་ཞུས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ལི་ཡུན་ཧྥུང་ལ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་གཏན་འབེབས་བྱས་པ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེ་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། གོ་རིམ་ལྟར་དེའི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱེད་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་དགོས། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་རེད།