འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་24ཉིན།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་24ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ● དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱས་ནས་ལུགས་མཐུན་གྱི་སྔོན་དཔག་བརྟན་པོ་ཡོང་བ་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལ་གྲོས་ཞིབ་དང་གྲོས་འཆམ་བྱས་ནས་ནང་མཁོ་རྒྱ་བསྐྱེད་དང་། ཕྱོགས་སྒྱུར་ལ་སྐུལ་འདེད། རྟིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ། ཉེན་ཡོད་ཆུ་མཛོད་འབྲིང་ཆུང་གི་ཉེན་སེལ་བརྟན་གཏོང་བཀོད་སྒྲིག་མྱུར་པོ་བྱས་ཏེ་ཆུ་མཁོ་སྤྲོད་དང་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱས་ནས་ལུགས་མཐུན་གྱི་སྔོན་དཔག་བརྟན་པོ་ཡོང་བ་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལ་གྲོས་ཞིབ་དང་གྲོས་འཆམ་བྱས་ནས་ནང་མཁོ་རྒྱ་བསྐྱེད་དང་། ཕྱོགས་སྒྱུར་ལ་སྐུལ་འདེད། རྟིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ། ཉེན་ཡོད་ཆུ་མཛོད་འབྲིང་ཆུང་གི་ཉེན་སེལ་བརྟན་གཏོང་བཀོད་སྒྲིག་མྱུར་པོ་བྱས་ཏེ་ཆུ་མཁོ་སྤྲོད་དང་གེགས་འགོག་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ཚུན་དུ། རང་རྒྱལ་གྱི་དཔལ་འབྱོར་སླར་གསོའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོད། འོན་ཀྱང་ཉེ་དུས་རྒྱལ་སྤྱིའི་ཁོར་ཡུག་ལ་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ་དང་རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་ཐད་ལའང་རིམས་ནད་མཆེད་པ་དང་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་མཐོ་བ་སོགས་ཀྱི་འགྲན་སློང་འཕྲད་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་། དཔལ་འབྱོར་འཕེལ་ཕྱོགས་ལ་རྗེས་སྙེགས་དབྱེ་ཞིབ། གཞི་ཆེའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་དང་གོ་ཆོད་རང་བཞིན་ཆེར་གཏོང་། སྔོན་སྒྲིག་ཕྲ་སྙོམས་དང་དུས་འཁོར་ལས་བརྒལ་བའི་ལེགས་སྒྲིག་ཡག་པོ་བྱེད་པ། ནོར་སྲིད་དང་། དངུལ་རྩ། ལས་ཞུགས་བཅས་ཀྱི་སྲིད་ཇུས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲོམ་རའི་ལུགས་མཐུན་གྱི་སྔོན་དཔག་བརྟན་པོ་ཡོང་བ་བཅས་བྱེད་དགོས། ལས་ཞུགས་འགན་ལེན་དང་། དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན་བཅས་ལ་མུ་མཐུད་དམིགས་ཏེ་གཞི་ཆེན་སྲིད་ཇུས་ལག་ལེན་བསྟར་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་མཐུད་ཟབ་ཏུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས། ཁྲོམ་ར་ཅན་གྱི་བྱ་ཐབས་སྔར་བས་མང་བ་སྤྱད་དེ་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་བརྟན་པོ་ཡོང་བ་བྱས་ནས་དགུན་དུས་གློག་དང་རང་བྱུང་སོལ་རླངས་སོགས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་དགོས། འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བའི་བྱེད་ཐབས་ཞིབ་འཇུག་བྱས་ནས་བཏོན་ཏེ། སྤྱི་ཚོགས་ཀྱི་མ་འཇོག་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩ་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་གནས་པའི་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཆ་འཕྲིན་དྲ་རྒྱ་རྨང་གཞིར་བྱེད་པ་དང་ལག་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གསར་པ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཚེ་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད། གཅིག་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉིས་ནས་མཉམ་འདྲེས་ཀྱི་རྨང་གཞིའི་སྒྲིག་བཀོད་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། གསུམ་ནས་སློབ་ཆེན་དང་། ཚན་ཞིབ་ཁང་། མཐོ་གསར་ལག་རྩལ་ཁེ་ལས་སོགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་མདུན་གྲལ་རང་བཞིན་གྱི་ཞིབ་འཇུག་ནུས་པ་སྤེལ་མ་ཤུགས་ཆེར་གཏོང་དགོས། བཞི་ནས་སྣ་མང་མ་འཇོག་ལ་སྐུལ་ལྕག་དང་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ལྔ་ནས་བདེ་འཇགས་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཆུ་མཛོད་ཀྱི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ཚེ་སྲོག་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པས་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། 2025ལོའི་ལོ་མཇུག་གོང་ད་ཡོད་ཀྱི་ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་སེལ་བརྟན་གཏོང་ལས་དོན་ཚང་མ་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཏེ། གཅིག་ནས་ས་གནས་ཀྱི་གཏོགས་ཁོངས་འགན་འཁྲི་ནན་དུ་བཏང་སྟེ་ས་ཁུལ་ཁག་དང་ལྷག་པར་དུ་བྱང་ཕྱོགས་ས་ཁུལ་གྱིས་མིག་སྔའི་ཨར་སྐྲུན་གྱི་ནུས་ལྡན་དུས་ཚོད་དམ་འཛིན་གྱིས་མ་དངུལ་སྤྱི་འདོམས་གཅིག་སྡུད་བྱས་ནས་འདི་ལོའི་ཉེན་སེལ་བརྟན་གཏོང་རྣམ་གྲངས་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། ཉེན་ཚབས་ཅུང་ཆེ་བ་དང་འབྲུབ་འགོག་ལས་འགན་ཅུང་ལྕི་བའི་ཆུ་མཛོད་སྔོན་ལ་ཉམས་བཟོ་བྱས་ནས་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ནས་དགོས་ངེས་ཀྱི་མ་དངུལ་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་ཆུ་མཛོད་ཀྱི་ཆུ་མཁོ་འདོན་དང་ཞིང་ཆུ་འདྲེན་པ་དང་། ཆུ་ལོག་སྔོན་འགོག་དང་ཆུ་ལོག་གཤོང་བ། སྐྱེ་ཁམས་སོགས་ཀྱི་བླང་བྱར་སྤྱི་འདོམས་བསམ་གཞིག་བྱས་ནས་ཆུ་མཛོད་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་སྟེ་གནམ་གཤིས་ཧ་ཅང་ངན་པར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས་པ། གསུམ་ནས་ཚན་རིག་དང་མཐུན་པའི་བདག་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་འཛུགས་སྐྲུན་དང་བདག་སྐྱོང་གི་བྱེད་པོ་དང་འགན་འཁྲི་དང་མ་དངུལ་གྱི་ཐབས་ལམ་ཁ་གསལ་བཟོ་བ་དང་། ཆུ་མཛོད་ཆུང་གྲས་ཀྱི་ཆར་ཆུ་ཚད་ལེན་བརྡ་གཏོང་དང་བདེ་འཇགས་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྒྲིག་བཀོད་ལ་ཤུགས་སྣོན་རྒྱག་པ། ཛ་དྲག་གི་གནས་ཚུལ་འོག་ཆུ་ལོག་བཤངས་འབུད་དང་མི་སྣ་གནས་སྤོ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་སྔོན་ཇུས་ཡག་པོ་བཟོ་བ་བཅས་བྱས་ཏེ་ཆུ་མཛོད་བདེ་འཇགས་ངང་འཁོར་རྒྱུག་ཐུབ་པ་དང་མི་དམངས་མང་ཚོགས་ལ་བདེ་རྩ་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།