འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་19ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་དྲན་གསོ་ཁང་6《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་མདོར་བསྟན》ནང་ཚུད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་19ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
      འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གཙོ་སྒྲིག་བྱས་པའི《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་མདོར་བསྟན》ཞེས་པ་ཉེ་ཆར་ཡོངས་བསྒྲགས་བྱས་ཤིང་། འདི་ནི་རྒྱལ་ཡོངས་གསར་བརྗེའི་དྲན་གསོ་ཁང་གི་ཆ་ཚང་ཤོས་ཀྱི“ཁྱིམ་ནོར”ལྟ་བུ་ཡིན་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞི་ཞིག་ཀྱང་རེད། དེའི་ནང་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་6ཚུད་ཡོད་པ་རེད། གསར་བརྗེའི་དྲན་གསོ་ཁང་དྲུག་པོ་དེ་དག་ནི་མཚོ་སྔོན་རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་དང་། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་། ཡ་རྫི་ནུབ་ལམ་དམར་དམག་དྲན་གསོ་ཁང་། མཚོ་བོད་གཞུང་ལམ་དྲན་གསོ་ཁང་། མུ་ཧོར་རྔ་མོང་ར་བའི་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་། པད་མ་རྫོང་དམར་དམག་རྒྱང་སྐྱོད་དྲན་གསོ་ཁང་བཅས་རེད།
      ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་གོའི་གསར་བརྗེའི་དྲན་གསོ་ཁང་མདོར་བསྟན》ནང་། རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་1600ལྷག་ཙམ་གྱི་འཕེལ་རྒྱས་གནས་ཚུལ་གཞི་རྩའི་ཆ་ནས་གསལ་པོར་འཁོད་ཅིང་། དུས་རབས་གསར་པའི་གསར་བརྗེའི་དྲན་གསོ་ཁང་གི་ལས་ཀའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་དེས་རིག་དངོས་ཁོངས་གཏོགས་དང་། ཞིབ་འཇུག་ཁོངས་གཏོགས་ཀྱིས་ལས་རིགས་ཀྱི་ཆ་འཕྲིན་ལྟ་བཤེར་བྱ་རྒྱུར་ཕན་ཐོགས་ཡོད་ལ། གསར་བརྗེའི་རིག་གནས་ཁྱབ་སྤེལ་གཏོང་རྒྱུར་ཕན་ཐོགས་ཀྱང་ཡོད། དེ་ནི་རྒྱལ་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་ཐོག་མ་དང་རྟེན་རྫས་བཤམས་མཛོད་ཁང་གི་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་སྟོན་ཡིན་པས། སྟོང་ཆ་ཁ་གསབ་ཀྱི་ནུས་པ་གལ་ཆེན་ལྡན་ཡོད། ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་6དེའི་ནང་ཚུད་པ་དེས། སླད་ཕྱིན་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་དྲན་གསོ་ཁང་གི་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་། དྲན་གསོ་ཁང་དུ་ཉར་བའི་གསར་བརྗེའི་རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གསར་བརྗེའི་ལོ་རྒྱུས་དཔྱད་གཞི་དང་རིག་དངོས་འཚོལ་བསྡུ་དང་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རིག་དངོས་རྩ་ཆེན་འགྲེམས་སྟོན་བྱེད་པ། གསར་བརྗེའི་སློབ་གསོའི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ལས་དོན་ལ་རྨང་གཞི་གལ་ཆེན་བཏིང་ཡོད་པ་རེད།