འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།ཀྲུང་གོས་CPTPPནང་ཞུགས་རྒྱུའི་རེ་འདུན་དངོས་སུ་བཏོན་པ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོས་CPTPPནང་ཞུགས་རྒྱུའི་རེ་འདུན་དངོས་སུ་བཏོན་པ་རེད།
     མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོས《ཁྱོན་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེ་མོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་རྒྱུའི་རེ་བ་དངོས་སུ་བཏོན་པ་རེད། 
     ཉིན་དེར་ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་CPTPPཉར་ཚགས་བྱེད་མཁན་ནེའུ་ཙི་ལན་གྱི་ཚོང་དོན་དང་ཕྱིར་གཏོང་འཕར་བའི་པུའུ་ཀྲང་ཨའོ་ཁང་ན་ལ་ཀྲུང་གོ་CPTPPནང་དངོས་སུ་ཞུགས་རྒྱུའི་རེ་ཞུ་བྱེད་པའི་ཡིག་ཐོག་ཡི་གེ་ཕུལ་བ་རེད། རྒྱལ་ཁབ་གཉིས་པོའི་པུའུ་ཀྲང་གིས་ད་དུང་ཁ་པར་གྱི་ལམ་ནས་ཚོགས་འདུ་འཚོགས་ནས་ཀྲུང་གོ་ཕྱོགས་ཀྱིས་དངོས་སུ་ཞུགས་རྒྱུའི་རེ་ཞུ་བྱེད་པའི་འབྲེལ་ཡོད་རྗེས་མཐུད་ལས་དོན་ཐད་འབྲེལ་འདྲིས་བྱས་པ་རེད།