འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

༄༅།།རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་བརྡ་ཐོ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་17ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་དྲ་ཚིགས་ཐོག་བརྡ་ཐོ་བཏང་དོན།ཉིན་དེ་རིང་ནས་བཟུང་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་མཐོང་ཐོས་ལེ་ཚན་ལ་བརྟེན་ནས་གོ་ཡུ་དང་དེའི་ཐོན་རྫས་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་མཚམས་འཇོག་དགོས་པའི་བརྡ་ཐོ་བཏང་བ་རེད། 
     བརྡ་ཐོའི་ནང་དོན་ཆ་ཚང་གཤམ་གསལ།
     ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས་ཁག ཐད་གཏོགས་གྲོང་ཁྱེར་ཁག་བཅས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཅུས་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་རིག་གནས་དང་ལུས་རྩལ་དང་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཞུང་ལས་ཐིང་དང་། གློག་བརྙན་འཕྲིན་ལམ་གྱི་ལེ་ཚན་ལྟེ་གནས། ཀྲུང་གོའི་སློབ་གསོ་དང་བརྙན་འཕྲིན་ཁང་བཅས་ལ་ཞུ་རྒྱུ། 
     རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཉིན་དེ་རིང་ནས་བཟུང་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་མཐོང་ཐོས་ལེ་ཚན་ལ་བརྟེན་ནས་གོ་ཡུ་དང་དེའི་ཐོན་རྫས་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་མཚམས་འཇོག་དགོས་པའི་གཏན་འབེབས་བྱས་པ་ཡིན། 
     རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་མཐོང་ཐོས་སྒྲིག་གཞི་ཁག་གིས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཐོག་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་དང་བརྡ་ཁྱབ་དྲིལ་བསྒྲགས་ཐད་ཀྱང་སྟོན་ཕྱོགས་དང་དོད་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་དུས་ཚོད་དམ་འཛིན་གྱིས་ཞིབ་བསྡུར་གཙང་བཤེར་བྱས་ནས་གོང་གསལ་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ། བརྒྱུད་བསྒྲགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱེད་དགོས། 

     འབྲེལ་གཏུག་བྱ་ཡུལ། ཀྲང་ཡིང་། ཁ་པར་ཨང་གྲངས། 010-86097013 
     རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གཞུང་ལས་ཁང་ནས།
     2021ལོའི་ཟླ་9ཚེས་17ཉིན་ཕབ།