འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པ། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་དྲ་ཐོག་དང་
དྲ་ཕྱི་མཉམ་འདྲེས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་10ཚེས་15ཉིན། སྐབས་130པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས(ཀོང་ཀྲོའུ་ཚོང་འདུས)ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
     “སྐབས་130པའི་ཀོང་ཀྲོའུ་ཚོང་འདུས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་བྱས་ནས་ཐོག་མར་འཚོགས་ཤིང་། འདི་ནི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱབ་ལྗོངས་འོག་རང་རྒྱལ་གྱིས་འཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་གལ་ཆེན་ཞིག་ཡིན། དེས་རང་རྒྱལ་གྱི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བའི་རྣམ་པ་བཟང་པོ་སྲུང་སྐྱོང་ཐུབ་རྒྱུར་ཕན་པ་མ་ཟད། རང་རྒྱལ་གྱིས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པར་ཡང་ཕན་པ་ཡོད”ཅེས་ཚོང་དོན་པུའི་པུའུ་ཀྲང་གཞོན་པ་རེན་ཧུང་པིན་གྱིས་བརྗོད།
     སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱིས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཤིང་། ཕྱོགས་གཅིག་ནས་དྲ་ཐོག་འགྲེམས་སྟོན་གྱིས་ཡུལ་དུས་ཀྱི་ཚོད་འཛིན་མི་ཕོག་པ་དང་། མ་གནས་དམའ་བ། ཕན་ནུས་ཆེ་བ། གོ་ལ་ཧྲིལ་པོར་ཁྱབ་པ་བཅས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས། སྤུས་ཚད་དེ་བས་མཐོ་བའི་མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཚོང་འདུས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ། ཞབས་ཞུའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་བཙུགས་ནས་ཚོང་ཟོག་མངགས་ཐོའི་ཐབས་ལམ་གསར་པ་གཏོད་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དྲ་ཕྱིའི་འགྲེམས་སྟོན་གཉེར་རྒྱུ་སླར་གསོ་བྱས་ནས་རྒྱལ་ནང་གི་ཁྲོམ་རར་འཚམ་པ་དང     “ཐོན་སྐྱེད་བརྒྱུད་རིམ་དང་། ཚད་གཞི། སྤུས་ཚད་བཅས་གཅིག་མཚུངས”ཀྱི་ཐོན་རྫས་འགྲེམས་སྟོན་ནང་ཞུགས་རྒྱུ་སྐུལ་ལྕག་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་རྒྱལ་ནང་གི་ཚོང་ལས་གོ་སྐབས་འཚོལ་རྒྱུར་རམ་འདེགས་བྱེད་པ་དང་རྒྱལ་ནང་གི་ཁྲོམ་ར་གསར་འབྱེད་བྱས་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གཏོད་རྒྱུར་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
     རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་སྤྱི་འདོམས་བསམ་གཞིག་བྱས་པ་བརྒྱུད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ནང་དེ་གོང་གི་དུས་ཐེངས་གསུམ་དུས་ཐེངས་གཅིག་ཏུ་ཟླ་སྒྲིག་གཏོང་རྒྱུ་དང་། འགྲེམས་སྟོན་བྱ་ཡུན་ཉིན་5ཡིན་པ། དྲ་ཐོག་དང་དྲ་ཕྱིར་དུས་མཉམ་དུ་འགྲེམས་སྟོན་བྱ་རྒྱུ། ཚོང་ཟོག་ཆེ་གྲས་16གཞིར་བཟུང་འགྲེམས་ཁུལ་51བཀོད་སྒྲིག་བྱ་རྒྱུ་བཅས་རེད། གཞན་ཡང་དྲ་ཕྱིའི་འགྲེམས་སྟོན་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་40ལྷག་ཙམ་ཡིན་པ་དང་ཁེ་ལས་7500འགྲེམས་ཞུགས་བྱ་རྒྱུ་ཡིན་ཞིང་། གཞི་ཁྱོན་ངོས་ནས་བརྗོད་ཚེ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་རྗེས་སྔར་བཞིན་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དྲ་ཕྱིའི་འགྲེམས་ཁང་ཞིག་རེད། སྤུས་རྟགས་འགྲེམས་ཁུལ་11700བཀོད་སྒྲིག་བྱས་པ་དེས་དྲ་ཕྱིའི་འགྲེམས་སྟེགས་སྤྱི་འབོར་གྱི་61%བཟུང་བ་དང་། སྤུས་རྟགས་ཁེ་ལས་2200ལྷག་ཙམ་འགྲེམས་ཞུགས་བྱས་ནས་སྤུས་ལེགས་ཁེ་ལས་ཀྱིས་བཟུང་ཚད་དེ་སྐབས་རིམ་བྱུང་གི་ཀོང་ཀྲོའུ་ཚོང་འདུས་དང་བསྡུར་ན་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། དྲ་ཐོག་འགྲེམས་སྟོན་ནང་དེ་སྔའི་འགྲེམས་སྟེགས་ཁྲི་6ལྷག་ཙམ་ལྟར་བཀོད་སྒྲིག་བྱས་ཏེ་འགྲེམས་དངོས་གྲངས་འབོར་ཁྲི་300ལྷག་ཙམ་གསར་བརྗེས་དང་དྲ་ཐོག་ཏུ་བཏོན་ནས། ཁེ་ལས་ཁྲི་2.6དང་གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པར་མུ་མཐུད་དྲ་ཐོག་ཚོང་དོན་མཉམ་ལས་ཀྱི་སྤེལ་རེས་ལས་སྟེགས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཏུང་གིས་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་གཞིར་བཟུང་། དམ་ཚགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་ཇུས་གཞི་བཟོས་ནས། གཙོ་གནད་མི་ཚོགས་དང་། གཙོ་གནད་ས་ཁོངས། གཙོ་གནད་ལྷུ་ཚིགས། གཙོ་གནད་ཁུལ་བཅས་ལ་ཞིབ་ཕྲའི་རིམས་འགོག་བྱེད་ཐབས་དང་། ལག་རྩལ་མཛུབ་ཁྲིད། འཕྲལ་སྡོམ་སྔོན་ཇུས་བཅས་བཟོས་ཏེ་འདོན་རྒྱུ་ཡིན་པ་རེད།