འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཡིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས”བརྟན་དུ་གཏོང་བ་དང《དམངས་དོན་ཁྲིམས་གཞུང》
གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀན་ལྷོ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང《དམངས་དོན་ཁྲིམས་གཞུང》གི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་ཆེད། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཀྲོའུ་ཨུ་ལྷན་གྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཀྲོའུ་སྐྱོང་ཨུ་ལྷན་གཞུང་ལས་ཁང་དང་། ཀྲོའུ་ཁྲིམས་འཛིན་ཅུས། ཀྲོའུ་མི་རིགས་ལས་དོན་ཨུ་ལྷན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་བཅས་ཀྱིས་མཉམ་དུ་གཉེར་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས”བརྟན་དུ་གཏོང་བ་དང《དམངས་དོན་ཁྲིམས་གཞུང》གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཉིན་ཤས་གོང་དངོས་སུ་སྤེལ་འགོ་ཚུགས་པ་རེད།
     ད་ཐེངས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུད་དང་ཀྲོའུ་ཨུད་ཀྱི་བོད་འབྲེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། 《དམངས་དོན་ཁྲིམས་གཞུང》གི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་གཙོ་གནད་དུ་བྱེད་པ། རྫོང་བདུན་དང་གྲོང་ཁྱེར་གཅིག་གི་གྲོང་གསེབ་འབྲོག་ཁུལ་དུ《དམངས་དོན་ཁྲིམས་གཞུང》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བོད་རྒྱ་སྐད་གཉིས་ཀྱི་སྒྲོག་འགྲེལ་ཟབ་ཏུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་འགྲོ་བར་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་བྱ་བ་སྒྲུབ་སྐབས་ཁྲིམས་བཞིན་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལ་བསྟུན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ད་ཐེངས་བྱེད་སྒོའི་དུས་ཡུན་ཟླ་བ་གཉིས་ཡིན་པ་དང་ཟླ་9ཚེས་1ཉིན་ནས་འགོ་ཚུགས་ཏེ་ཟླ་10ཚེས་31ཉིན་མཇུག་འགྲིལ་རྒྱུ་རེད།