འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་10ཉིན།

༄༅།།ཕོ་བྲང་གསར་པ་སྒོ་རྒྱག་རྒྱུའི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་10ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ནོར་བུ་གླིང་ཁའི་ཕོ་བྲང་གསར་པ་སྒོ་རྒྱག་རྒྱུའི་སྤྱི་བསྒྲགས། 
     གུས་པར་འོས་པའི་རྒྱ་ཆེའི་ཡུལ་སྐོར་བ་དང་གནས་མཇལ་བ་རྣམ་པར་ཞུ་རྒྱུ། 
     ནོར་བུ་གླིང་ཁའི་རྒྱ་ཕིབས་དང་ཁང་པ་ཞིག་གསོ་སྲུང་སྐྱོང་ལས་གྲྭ་2021ལོའི་ཟླ་9ཚེས་9ཉིན་ནས་2021ལོའི་ཟླ་10ཚེས་20ཉིན་བར་ཕོ་བྲང་གསར་པར་སྲུང་སྐྱོང་ཞིག་གསོའི་ལས་དོན་སྤེལ་རྒྱུ་ཡིན་པས། ད་ལྟ་འབྲེལ་ཡོད་དོན་དག་གཤམ་གསལ་སྤྱི་བསྒྲགས་བྱ་རྒྱུ་ཡིན། 
     གཅིག ཨར་ལས་བྱེད་རིང་། ཁྱེད་རང་དང་ནང་མིའི་བདེ་འཇགས་ཁག་ཐེག་བྱ་ཆེད། ཕོ་བྲང་གསར་པའི་སྒོ་རྒྱག་རྒྱུ་དང་། ཨར་ལས་བྱ་ཡུལ་དུ་རང་དགར་མི་བསྐྱོད་པ་དང་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་བྱས་ཏེ་བདེ་འཇགས་ངང་འགྲོ་སྐྱོད་བྱེད་རོགས། 
     གཉིས། ཨར་ལས་བྱེད་རིང་ཁྱེད་ལ་སྟབས་མ་བདེ་བ་བཟོས་པར་ང་ཚོས་དགོངས་དག་ཞུ་རྒྱུ་ཡིན་པས་བསམ་ཤེས་དང་རྒྱབ་སྐྱོར་ཡོད་རོགས་ཞུ། 
     ཆེད་དུ་ཁྱབ་བསྒྲགས་འདི་སྤེལ། 
                                                                                                                                                                                བོད་རང་སྐྱོང་ལྗོངས་ནོར་བུ་གླིང་ཁའི་དོ་དམ་ཁྲུའུ་ནས།
                                                                                                                                                                                  2021ལོའི་ཟླ་9ཚེས་9ཉིན་ཕབ།