འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་8ཉིན།

༄༅།།བུ་ཆུང་ཚེ་རིང་ཉིས་འབུད་བཏང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་དིང་རི་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་དེ་སྔའི་པུའུ་ཀྲང་བུ་ཆུང་ཚེ་རིང་གི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
   ཞིབ་བཤེར་བྱས་པ་བརྒྱུད། བུ་ཆུང་ཚེ་རིང་གི་ཕུགས་བསམ་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་ནས་ཏང་ལ་བློ་དཀར་སེམས་དཀར་དང་གཞུང་དྲང་མིན་པ། རྩ་དོན་ལ་ཐུག་པའི་གནད་དོན་གལ་ཆེན་ཐད་ཆབ་སྲིད་ཀྱི་རྩ་དོན་ཤོར་བ་དང་། ཆབ་སྲིད་ཀྱི་མཐའ་ཚད་ལས་བརྒལ་བ། ཆོས་ལ་དད་པ་བྱེད་པ། དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་སྤྲད་པའི་ལག་རྟགས་དང་སྐྱེས་དངུལ་བླངས་པ། འགན་དབང་སྤྱད་དེ་སྒྲིག་འགལ་ངང་སྔོན་ཐོན་དང་ལེགས་འདེམས་བྱེད་པའི་ཁྲོད་མི་གཞན་ལ་ཁེ་ཕན་གཉེར་བ།  དོ་དམ་ཞབས་ཞུ་བྱ་ཡུལ་གྱི་དངུལ་གཡར་བ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་པ། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་རྒྱལ་ཁབ་ཀྱི་མ་དངུལ་ཁྲིམས་འགལ་གྱིས་བདག་ཏུ་བཟུང་བ། གཞུང་དངུལ་སྒེར་སྤྱོད། མི་གཞན་ལ་ཁེ་ཕན་དོན་གཉེར་བཅས་བྱས་ནས་མི་གཞན་གྱི་རྒྱུ་ནོར་སློང་ལེན་བྱས། 
   བུ་ཆུང་ཚེ་རིང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་ལས་ཐོག་ཁྲིམས་འགལ་བྱས་པ་མ་ཟད། ལྐོག་ཟའི་ཉེས་གསོག་དང་། གཞུང་དངུལ་སྒེར་སྤྱོད་ཀྱི་ཉེས་གསོག  རྒྱུ་རྔན་ལྐོག་ཟའི་ཉེས་གསོག་བཅས་ཀྱི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཚོད་མི་བཟུང་ཞིང་མཚམས་མི་འཇོག་པ། ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་མཚམས་འཇོག་མི་ཤེས་པ་དང་གུས་ཞུམ་མ་བྱས་པ། ཆབ་སྲིད་ཐད་གནད་དོན་ཚབས་ཆེན་གནས་ཡོད་པ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ལྟ་ཞིབ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》《གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད། ད་དུང་གྲོང་ཨུད་ལ་ཆོག་མཆན་ཞུས་ནས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་བུ་ཆུང་ཚེ་རིང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་རང་གཞུང་གི་ལས་གནས་ནས་ཕྱིར་འབུད་པའི་ཆད་པ་གཅོད་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ་བཅས་ཀྱི་ཆད་པ་བཅད་ཡོད།