འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་6ཉིན།

༄༅།།ལོ་ངོ་བདུན་ཅུའི་འཕོ་འགྱུར་ཆེན་པོ་ལས། འཇོན་དོན་འགྲིག་དོན་ཡག་དོན་གསལ་འགྲེལ་བྱེད།

—— བོད་ཞི་བས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་བའི་བློ་འབྱེད། (སྨད་ཆ)

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་བདུན་ཅུའི་འཕོ་འགྱུར་ཆེན་པོ་ལས། འཇོན་དོན་འགྲིག་དོན་ཡག་དོན་གསལ་འགྲེལ་བྱེད།
      ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲེན་ཧུང་པིང་དང་། ཀྲའེ་ཡུང་ཀོན། ཀྲང་ཅིང་ཕིང་།
    སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ།
   ཏང་གི་བོད་སྐྱོང་མཛད་ཇུས་བཟང་པོས་བོད་བརྟན་པོའི་ངང་མདུན་དུ་སྐྱོད་པར་ཁྲིད་སྟོན་བྱས་པ།
   གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་67སོང་རིང་། ལམ་སྐྱོང་བཟོ་པ་མི་རབས་ནས་མི་རབས་ཀྱིས་དེ་གར་བཅའ་སྡོད་བྱས་ནས་ལོ་གཅིག་ཞག་མ་365བོད་ཀྱི་དཔལ་འབྱོར་གྱི་འཕར་རྩ་ཆེན་པོ་འདི་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། མཚོ་བོད་གཞུང་ལམ་གྱི་ལམ་སྐྱོང་ས་ཚིགས་109རུ་ལས་ཀ་བྱས་ནས་ལོ་30ལྷག་ཙམ་སོང་བའི་དཔལ་འབུམ་གྱིས“རྒྱལ་ཁབ་ཀྱིས་ང་ཚོར་གཞུང་ལམ་བསྐྲུན་པས་ང་ཚོས་བདག་སྐྱོང་ཡག་པོ་བྱེད་དགོས”ཞེས་བརྗོད།
    འདི་ལོའི་ཟླ་7པར་པ་སངས་བཀྲ་ཤིས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་རྫོང་དཔོན་ལ་འདེམས་བསྐོ་བྱས།
       ཞིང་བྲན་གྱི་རྗེས་རབས་པ་པ་སངས་བཀྲ་ཤིས་ཀྱིས་སེམས་འགུལ་ཐེབས་བཞིན་དུ“སྔོན་མ་ཨ་མས་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་སུ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པའི་འཚོ་བ་སྐྱེལ་དགོས་ཀྱི་ཡོད་ཅེས་གསུངས་མྱོང་། རྒན་རྒོན་ཚོས་ཁོང་ཚོ་དང་རྗེས་རབས་པ་རྣམས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་རྨི་ལམ་དུའང་འཁོར་མྱོང་མེད་ལ། དེ་སྔའི་ཞིང་བྲན་གྱི་ཕྲུ་གུ་ཞིག་རྒྱལ་ཁབ་ཀྱི་བདག་པོར་གྱུར་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། ངས་ལས་ཀ་ཧུར་ཐག་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་སྔར་ལས་ལེགས་པ་སྐྱེལ་རྒྱུ་ཡིན”ཞེས་བརྗོད།
    ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་1965ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ཤིང་། གངས་ལྗོངས་ས་མཐོར་མི་དམངས་དམངས་གཙོའི་སྲིད་དབང་ཐེངས་དང་པོ་བཙུགས་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་ཁྱིམ་རང་བདག་གི་དབང་ཆ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད།
    དེ་ནས་བཟུང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ས་མཐོའི་ས་གཞི་ཆེ་མོར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་། བོད་འདི་ཉིད་བོད་ཀྱི་དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།
   —— བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2020ལོའི་སྒོར་དུང་ཕྱུར་1902.74བར་འཕར་བ་དེ་ལོ་70ཡི་གོང་ལས་ལྡབ་321.5འཕར་བ་དང་།
   —— 2020ལོར་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་རྒྱུས་ཀྱི་དཔྱད་གཞིར་འཁོད་པའི་1965ལོའི་ལྡབ་135ཟིན་པ།
   —— ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་དུས་སུ་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ཡིན་པ་དང་ད་ཆ་ཚེ་ཚད་ལོ་71.1བར་རིང་དུ་སོང་བ།
   —— བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད། 2020ལོར་སླེབས་སྐབས་བོད་ཀྱི་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.93%ཟིན་པ།
   —— རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་རེད།
      ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གསར་གཏོད་རང་བཞིན་ལྡན་པའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་བཏོན་པས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ།
   ཞི་བའི་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་ནས་མི་རིགས་ས་ཁོངས་རང་སྐྱོང་དང་ཁ་གཏད་བོད་སྐྱོར་བར་དང་། དེ་ནས་མཐའ་སྐྱོང་བོད་བརྟན་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ཐབས་ཇུས་གལ་ཆེན་རེ་རེ་བཞིན་བཀོད་དེ་རང་བྱུང་ཆ་རྐྱེན་ཞན་པའི་བོད་དུ་དུས་ཐུང་ལོ་བཅུ་ཕྲག་ནང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན།
   “མི་སེར་དང་ལྷག་པར་དུ་བོད་རིགས་མང་ཚོགས་ལ་ད་ཆའི་འཚོ་བ་སྐྱིད་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་སྒྲུབ་དགོས་པའི་བྱ་བ་བསྒྲུབས་པས་རེད”མི་རིང་བའི་གོང་བོད་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་པ་དང་། ཕྱར་བ་གྲུ་འདེགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ་ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད”ཅེས་གསུངས་པ་རེད།
   རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱས་པ།
   ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པ།
   ཉེ་ཆར། ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་ཁག་དྲུག་པ་དང་བདུན་པས་ལས་དོན་རྩིས་སྤྲོད་རྩིས་ལེན་བྱས་པ་རེད།
   བོད་ཀྱི་མི་སེར་གྱི་ནད་ལྟ་དཀའ་བའི་གནད་དོན་རྦད་དེ་ཐག་གཅོད་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའི་གཅིག་གྱུར་སྒྲིག་འཛུགས་དང་མཐུན་སྦྱོར་འོག 2015ལོའི་ཟླ་8པར་སྐབས་དེ་དུས་ཀྱི་རྒྱལ་ཁབ་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱིས་ཞིང་ཆེན་དང་གྲོང་ཁྱེར་7གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ནས་སྨན་བཅོས་རིགས་གཅིག་མཁས་ཅན་བདམས་ཏེ་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ནས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད།
   “ད་ཆ་རྒྱལ་ཡོངས་ཀྱི་སྨན་པ་ཡག་པོ་ཁག་གཅིག་སླེབས་པས་ང་ཚོས་བོད་ནས་ཆུ་ཚད་མཐོ་བའི་ནད་བརྟག་སྨན་བཅོས་ཀྱི་ཆ་རྐྱེན་ལོངས་སུ་སྤྱོད་རྒྱུ་ཡོད། ཧྲའན་ཤིས་ཀྱི་བོད་སྐྱོར་སྨན་པས་ང་ལ་སོ་ཚབ་བསྒར་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་རྒན་རྒོན་འཇམ་དབྱངས་ཀྱིས་བརྗོད།
   ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་མ་ཟད། རང་ངོས་ཀྱི་སྟོབས་ཤུགས་ཁོ་ནར་བརྟེན་ཚེ་དུས་ཐུང་ནང་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་ཁག་པོ་རེད།
   མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེ་མོའི་ལྡོག་མེད་ཀྱི་བླང་བྱ་རེད།
   1951ལོའི《གྲོས་མཐུན་དོན་ཚན་བཅུ་བདུན》ནང“ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་ལ་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ་བཅས་ཀྱི་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་གཏོང་རོགས་བྱེད་དགོས”ཞེས་ཁ་གསལ་བཏོན་ཡོད།
   1951ལོ་ནས་1978ལོ་བར་ཀྲུང་དབྱང་གིས་རྒྱལ་ཡོངས་ནས་ལས་བྱེད་པ་ཁྲི་3ལྷག་ཙམ་བོད་དུ་ལས་ཀ་བྱེད་པར་མངགས་པ་དང་། 1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་པ་དང“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་གཏན་འཁེལ་བྱས་པ་རེད།
    2020ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་གནང་བ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པའི་སྲིད་ཇུས་ཤིག་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
    1994ལོ་ནས་2020ལོ་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་ཁག་9ཡི་ཕུལ་བྱུང་ལས་བྱེད་པ་9682བོད་སྐྱོར་བྱེད་པར་མངགས།
    ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པ་དང་། ལོ་15ཡི་རིང་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ། སྨན་བཅོས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་སོགས་བོད་ཀྱི་མི་དམངས་ཀྱི་འཚོ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ལན་ཤང་མིན་གྱིས། ལོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་ཇུས་འགོད་བཅོས་སྐྱོང་བྱས་པས“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་རླབས་པོ་ཆེ་བྱུང་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་པང་གི་ས་མཐོའི་མི་དམངས་ཚོར་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཚོར་དུ་བཅུག་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
གཡོན་གྱི་གོང་། 2019ལོའི་ཟླ་6ཚེས་10ཉིན་པར་བླངས་པའི་མཚོ་བོད་ལྕགས་ལམ་དུ་སྐྱོད་བཞིན་པའི་མེ་འཁོར་ཡིན་པ། གཡས་ཀྱི་གོང་། 2021ལོའི་ཟླ་6ཚེས་16ཉིན་ཚོད་གཏོང་བྱས་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡར་ཀླུང་གཙང་པོའི་རྒྱུད་ནས་སྐྱོད་བཞིན་པ། གཡོན་གྱི་འོག 2019ལོའི་ཟླ་7ཚེས་16ཉིན་པར་བླངས་པའི་ལྷ་ཉིང་གཞུང་ལམ་རྒྱུད་ཀྱི་འོང་ཁ་ཡིན་པ། གཡས་ཀྱི་འོག 2021ལོའི་ཟླ་6ཚེས་30ཉིན་པར་བླངས་པའི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་ཀྱི་ཕྱིའི་རྣམ་པ་ཡིན་པ།
གཡོན་གྱི་གོང་། 2019ལོའི་ཟླ་6ཚེས་10ཉིན་པར་བླངས་པའི་མཚོ་བོད་ལྕགས་ལམ་དུ་སྐྱོད་བཞིན་པའི་མེ་འཁོར་ཡིན་པ། གཡས་ཀྱི་གོང་། 2021ལོའི་ཟླ་6ཚེས་16ཉིན་ཚོད་གཏོང་བྱས་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཡར་ཀླུང་གཙང་པོའི་རྒྱུད་ནས་སྐྱོད་བཞིན་པ། གཡོན་གྱི་འོག 2019ལོའི་ཟླ་7ཚེས་16ཉིན་པར་བླངས་པའི་ལྷ་ཉིང་གཞུང་ལམ་རྒྱུད་ཀྱི་འོང་ཁ་ཡིན་པ། གཡས་ཀྱི་འོག 2021ལོའི་ཟླ་6ཚེས་30ཉིན་པར་བླངས་པའི་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་ཀྱི་ཕྱིའི་རྣམ་པ་ཡིན་པ།
འདི་ནི་རྒྱལ་རྩེ་རྫོང་རིའི་གནའ་བོའི་མཁར་རྫོང་གི་རྣམ་པ་ཡིན་པ།
འདི་ནི་རྒྱལ་རྩེ་རྫོང་རིའི་གནའ་བོའི་མཁར་རྫོང་གི་རྣམ་པ་ཡིན་པ།