འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་3ཉིན།

༄༅།།སློབ་ཞུགས་རོགས་སྐྱོར་དངུལ་བུན་ལོ་རེར་སྒོར་12000བར་མཐོ་རུ་བཏང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་03ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མ་དེ་བས་མང་བར་བློ་བདེ་པོའི་ངང་སློབ་གྲྭར་སྐྱོད་ཐུབ་པ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། 
ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སྔར་བས་ཞི་ལྷོད་དུ་བཏང་སྟེ་ཁོང་ཚོར་བློ་བདེ་པོའི་ངང་སློབ་སྦྱོང་དང་སྦྱངས་འབྲས་ཐོན་རྒྱུར་རོགས་རམ་བྱས་ནས། སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 
   གཅིག་ནས་ད་ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། དངུལ་བུན་གྱི་གྲངས་ཚད་མཐོ་རུ་བཏང་སྟེ། དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མར་ལོ་རེར་དངུལ་བུན་གཡར་བའི་གྲངས་ཚད་མཐོ་ཤོས་དེ་སྒོར་8000ནས་སྒོར་1200བར་མང་དུ་གཏོང་རྒྱུ་དང་། ཞིབ་འཇུག་སློབ་མའི་གྲངས་ཚད་དེ་སྒོར་1200ནས་སྒོར་16000བར་མང་དུ་གཏོང་རྒྱུ། ནོར་སྲིད་ཀྱིས་སློབ་མ་སློབ་གྲྭར་སྡོད་རིང་གི་དངུལ་བུན་གཡར་བའི་སྐྱེད་ཀ་ཚང་མ་ཁ་གསབ་བྱ་རྒྱུ་བཅས་རེད།
   གཉིས་ནི་ནོར་སྲིད་ཀྱིས་མུ་མཐུད་དུ་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྒྲུབ་འགན་འཁུར་བའི་དངུལ་ཁང་ལ་བསྡུར་ཚད་ངེས་ཅན་གྱི་ཉེན་ཁའི་ཁ་གསབ་སྤྲོད་པ་དང་ལུགས་མཐུན་གྱིས་ཉུང་གསབ་ཀྱི་བསྡུར་ཚད་ལེགས་སྒྲིག་བྱ་རྒྱུ། 
   གསུམ་ནི་སློབ་མས་ཧུར་བརྩོན་གྲོན་ཆུང་བྱེད་པ་དང་། སློབ་སྦྱོང་ལ་བརྩོན་ཞིང་སྦྱངས་པ་གོ་ཆོད་ཡོང་བར་བརྩོན་པ། ལས་ཞུགས་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ།སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་པའི་ཁྲིད་སྟོན་བྱ་དགོས། སློབ་གྲྭས་ཀྱང་ཧུར་ཐག་གིས་སློབ་མར་སློབ་ཞོར་ལས་ཀ་རོགས་སྐྱོར་བྱེད་པའི་གོ་སྐབས་མང་ཙམ་འདོན་སྤྲོད་བྱ་དགོས།