འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་2ཉིན།

༄༅།།ཨ་དམག་གིས་ཨ་ཧྥུ་ཀན་ནི་སི་ཐན་དུ་ནག་ཉེས་བསགས་པ་དག་བརྟག་དཔྱད་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་26ཉིན་ཨ་ཧྥུ་ཀ་ནི་སི་ཐན་ཁ་པུར་གནམ་ཐང་གི་ཉེ་འགྲམ་དུ་འཇིགས་སྐུལ་འཇབ་རྒོལ་ཐོན་ནས་མི་བརྒྱ་གྲངས་ཁ་ཤས་ཤི་རྨས་བྱུང་བ་རེད། རྨས་མ་ཁག་གཅིག་གིས་ཨ་དམག་གིས་འབར་གས་བྱས་རྗེས་དམངས་ཚོགས་ལ་མེ་མདའ་བརྒྱབ་ནས་ཤི་རྨས་དེ་བས་མང་བ་བཟོས་ཡོད་ཅེས་བཤད་པ་རེད། ཚེས་29ཉིན་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཨ་དམག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་ཞེས་པའི་མིང་ཐོག་ནས་མི་མེད་གནམ་གྲུས་ཁ་པུར་གྱི་སྡོད་ཁང་ཞིག་ལ་འཇབ་རྒོལ་བྱས་ནས་མི་སེར་10རྐྱེན་ལམ་དུ་ཤོར་བའི་ནང་མི ་ཆུང་ཤོས་ལོ་2ལས་སླེབས་མེད། དེའི་ཐད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཟླ་9ཚེས་1ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་ཐོགནས། ཡོངས་བསྒྲགས་ངང་གནས་ཚུལ་སྤེལ་བར་གཞིགས་ན། ཨ་དམག་གིས་ཨ་ཧྥུ་ཀ་ནི་སི་ཐན་དུ་མི་སེར་དམར་གསོད་བཏང་བའི་དོན་རྐྱེན་མང་པོ་བཟོས་པ་དང་། གཞན་ཡང་། གྲངས་གཞི་ལས་མངོན་གསལ་ལྟར་ན། 2020ལོའི་ཟླ་4པའི་བར། ཉུང་མཐར་ཡང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སེར་47245ཨ་རིས་བསླངས་པའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བ་མངོན་འདུག  “ཨ་དམག་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕྱིར་འཐེན་བྱས་མོད། འོན་ཀྱང་ཨ་དམག་དང་དེའི་མནའ་གྲོགས་ཀྱིས་འདས་ཟིན་པའི་ལོ་20ཡི་ནང་ཨ་ཧྥུ་ཀ་ནི་སི་ཐན་དུ་མི་སེར་དམར་གསོད་བཏང་བའི་སྡིག་ཉེས་བཟོས་པར་ངེས་པར་དུ་བརྟག་དཔྱད་གསལ་པོ་བྱེད་དགོས་པ་དང་། ལག་དམར་ངེས་པར་དུ་ཁྲིམས་ལ་སྦྱོར་དགོས། ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱི་ཚེ་སྲོག་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་བྱེད་དགོས་པ་དེ་རྒྱལ་སྤྱིའི་ཁྲིམས་སྐྱོང་དང་རྒྱལ་སྤྱིའི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་དང་འབྲེལ་བ་ཡོད་པ་བསྟན།”