འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་31ཉིན།

༄༅།།ཀན་ལྷོའི་བྲག་སྒམ་ནང་མཛེས་ལྗོངས་ཁུལ་མཛེས་སྡུག་ལྡན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་31ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་བྲག་སྒམ་ནང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ལྟ་བཞོན་ནས་ཡུལ་སྐོར་བྱེད་བཞིན་པ།
འདི་ནི་བྲག་སྒམ་ནང་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་ལྟ་བཞོན་ནས་ཡུལ་སྐོར་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་གིས་གདོད་མའི་སྐྱེ་ཁམས་གྲོང་གསེབ་ཀྱི་རྣམ་པ་རྒྱུན་འཛིན་བྱ་རྒྱུར་དོ་སྣང་བྱེད་པའི་རྨང་གཞིའི་ཐོག་བྲག་སྒམ་ནང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གང་བྱུང་དུ་འཛུགས་སྐྲུན་བྱས་པའི་དངོས་པོ་བཤིག་པ་དང་། ཕྱུགས་ཚང་དང་གསང་སྤྱོད་སྒྱུར་བཀོད། སྒོ་ར་མཛེས་བཟོ། གྲོང་གསེབ་ཀྱི་ལམ་བུ་དང་ཆུ་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་སྟེ་གྲོང་ཚོའི་མཛེས་ལྗོངས་ཁུལ་ལེགས་གཏོང་རིམ་སྤོར་བྱས་ནས་བྲག་སྒམ་ནང་མཛེས་ལྗོངས་ཀྱི་རང་བྱུང་དང་རིག་གནས་མཛེས་ལྗོངས་ཀྱི་ཁྱད་ལྡན་མཛེས་ཉམས་སྔར་བས་མངོན་པར་བྱས་པས་ཞིང་འབྲོག་པར་འབབ་འཕར་གྱི་ཐབས་ལམ་ཟམ་མི་ཆད་པར་མང་དུ་སོང་བ་དང་ཆབས་ཅིག ཡུལ་སྐོར་བས་ཉེ་འགྲམ་ནས་མཛེས་སྡུག་མྱོང་རོལ་ཐུབ་པ་བྱུང་ཡོད།