འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་26ཉིན།

༄༅།།ཀན་སུའུ་ས་ཆ་འདི་ལ་ས་ཡོམ་རིམ་པ་5.5བརྒྱབ་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་26ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀན་སུའུ་ས་ཆ་འདི་ལ་ས་ཡོམ་རིམ་པ་5.5བརྒྱབ་པ།
   མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་སྟེ། ཟླ་8ཚེས་26ཉིན་གྱི་ཆུ་ཚོད་7དང་སྐར་མ་38ཐོག ཀན་སུའུ་ཆང་ཆོན་གྲོང་ཁྱེར་ཨ་ཁེ་སའེ་རྫོང་(འཕྲེད་ཐིག་བྱང་མའི་ཏུའུ38.88དང་ཤར་གྱི་གཞུང་ཐིག་ཏུའུ95.50)དུ་ས་ཡོམ་རིམ་པ་5.5བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི་15ཟིན་ཡོད་པ་རེད། 
   འགུལ་ལྟེའི་ཉེ་འཁོར་མི་འབོར་ཧ་ཅང་ཉུང་ཉུང་ཡིན་པ་དང་ཐག་ཉེ་ཤོས་ཀྱི་གྲོང་རྡལ་བར་བར་ཐག་སྤྱི་ལེ་35ཡོད་པ་དང་། ཡན་ཁྲི་ཝན་ཤང་དང་བར་ཐག་སྤྱི་ལེ་50ཡོད། 
    འགུལ་ལྟེ་དེ་་སུའུ་པེ་རྫོང་དང་བར་ཐག་སྤྱི་ལེ་89ཡོད་པ་དང་། ཨ་ཁེ་སའེ་རྫོང་དང་བར་ཐག་སྤྱི་ལེ་135ཡོད་པ། ཏུན་ཧོང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་158ཡོད་པ། ཆང་ཆོན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་275ཡོད་པ། ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་607ཡོད་པ། ལན་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་800ཡོད་པ་བཅས་རེད།