འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས། ཧྲའན་ཤིས་སུ་འབྲུབ་འགོག་གེགས་སེལ་ལས་དོན་ལ་གཞོགས་འདེགས་
བྱེད་པར་སྐྱོད་མཁན་ལས་དོན་ཚོགས་ཆུང་མང་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གནམ་གཤིས་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ་8ཚེས་22ནས་24ཉིན་བར། ཧྲའན་ཤིས་ལྷོ་རྒྱུད་དང་། སི་ཁྲོན་གཤོང་ས། ཧོང་ཧོའེ། ཅང་ཧན། ཅང་ཧོའེ། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་སོགས་སུ་ཆར་པ་ཆེན་པོ་ནས་དྲག་ཆར་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར། ཧོ་ནན་དབུས་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་རེད། ཚེས་22ཉིན། ཧོ་ནན་གྱི་ས་ཁུལ་མང་ཆེ་བར་ཆར་པ་ཆེན་པོ་ནས་དྲག་ཆར་བབས་པ་དང་། དབུས་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ལ་དྲག་ཆར་བབས་པ། དབུས་རྒྱུད་ས་ཁུལ་དུ་ཆར་པ་ཆེ་ཤོས་ཧའོ་སྨི་250ནས་350བར་བབས་པ། ས་ཁུལ་ཁག་གཅིག་ལ་ད་དུང་གཏད་རྒྱུག་ཆེ་བའི་གནམ་གཤིས་བསྟན་པ། ཧོང་ཧོའེ་དབུས་ཤར་རྒྱུད་དུ་རླུང་ཤུགས་རིམ་པ་5ནས་7བར་ཟིན་པ་དང་ས་ཆ་ཁག་གཅིག་ཏུ་ཐོལ་རླུང་རིམ་པ་8ནས་10བར་ཟིན་ཡོད། ཆུ་བེད་སྡེ་ཚན་གྱིས་སྔོན་དཔག་བྱས་པར་གཞིགས་ན། ཆར་པ་འབབ་པའི་རྐྱེན་གྱིས་འབྲི་ཆུའི་འབབ་རྒྱུད་ཧན་ཅང་གཙང་པོའི་སྟོད་རྒྱུད་དང་། ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཅ་ལུའུ་ཧོ་ཆུ་བོ་དང་ཧྲ་དབྱིན་ཧོ་ཆུ་བོ་མངོན་གསལ་དོད་པོས་རྒྱས་རྒྱུ་རེད།
     ཟླ་8ཚེས་22ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་འབྲུབ་འགོག་གི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་ཞུས་ཏེ། སྔོན་ལ་ལས་དོན་ཚོགས་ཆུང་2ཧོ་ནན་དང་ཧྲན་ཏུང་དུ་སོ་སོར་མངགས་གཏོང་བྱས་པའི་རྨང་གཞིའི་ཐོག་ལས་དོན་ཚོགས་ཆུང་གཅིག་མང་དུ་བཏང་ནས། ཧྲའན་ཤིས་ཞིང་ཆེན་དུ་བསྐྱོད་དེ་ཧན་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་ལོག་དང་དྲག་ཆར་སྔོན་འགོག་ལས་དོན་ལ་གཞོགས་འདེགས་བྱས་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས། ཆུ་བེད་པུའུ་བཅས་ཀྱིས་གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་རྒྱུན་མཐུད་ངང་བྱས་ཏེ། ཧོ་ནན་དང་། ཧྲན་ཏུང་། ཧྲའན་ཤིས། ཧུའུ་པེ། སི་ཁྲོན། ཁྲུང་ཆིང་སོགས་ཀྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་ཐིང(ཅུས)མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་བཅས་ལ་གཙོ་གནད་ཐོག་དྲན་སྐུལ་བྱས་པ་དང་དམིགས་བསལ་རང་བཞིན་ཡོད་པའི་སྒོ་ནས་ཆུ་ལོག་དང་དྲག་ཆར་འགོག་ཟོན་དང་ཁ་གཏད་གཅོག་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་སེལ་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་གིས་ཉེན་ཁ་ཡོད་པའི་ཁུལ་གྱི་མང་ཚོགས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་གནས་སྤོ་བྱས་ནས། མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་དང་ཆུ་ལོག་སྔོན་འགོག་གི་ལས་ཀར་སྐོར་ཞིབ་དང་འགོག་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་ཐུབ་འཕྲལ་དུས་ཐོག་ཏུ་མྱུར་སྐྱོབ་དང་ནུས་ཤུགས་ཡོད་རྒུས་ལས་གྲྭའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     ཟླ་8ཚེས་22ཉིན་གྱི་ཆུ་ཚོད་15བར། ཧོ་ནན་གྱིས་འབྲུབ་འགོག་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ་དང་། ཧུའུ་པེ་དང་ཧྲན་ཤིས་ཀྱིས་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་པ། ཧྲའན་ཤིས་དང་། སི་ཁྲོན། ཧོ་པེ་སོགས་ཞིང་ཆེན་གྱིས་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་ཞུས་པ། འབྲེལ་ཡོད་ཞིང་ཆེན(ཐད་སྐྱོང་གྲོང་ཁྱེར)གྱི་འབྲུབ་འགོག་བཀོད་འདོམས་པུས་བརྡ་ཐོ་སོ་སོར་བཏང་ནས། མཉམ་དུ་གྲོས་མོལ་གྱིས་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེར་གཏོང་གིས་ལས་དོན་ཚོགས་ཆུང་མངགས་ཏེ། གཙོ་གནད་ས་ཁུལ་དུ་དྲག་ཆར་སྔོན་འགོག་དང་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱས་པ་རེད།
     ས་གནས་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མགྱོགས་མྱུར་དང་ལེན་དང་། སྟོབས་ཤུགས་སྔོན་གཏོང་། གྲ་སྒྲིག་ཨང་བསར་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་རེས་སྐོར་གསར་པའི་དྲག་ཆར་ལ་ཁ་གཏད་གཅོག་པའི་ལས་དོན་ཡག་པོ་སྤེལ་བ་རེད། ཧོ་ནན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚན་མོ་དེ་རང་དུ་སྟོབས་ཤུགས་སྔོན་ལ་བཀོད་སྒྲིག་དང་ས་ཁོངས་སྒྲོལ་བའི་རོགས་སྐྱོར་ཇུས་གཞི་བཟོས་ནས་ཉིང་ལག་རུ་ཁག་11སྒྲིག་འཛུགས་བྱས་ཏེ་གྲུ་གཟིངས་དང་། ཤུགས་ཚད་ཆེ་བའི་འཁྱིལ་ཆུ་གཤོང་ཆས། འཁྱིལ་ཆུ་འབུད་འཐེན་འཕྲུལ་འཁོར་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ནས། ཉེན་ཁ་ཆེ་བའི་ས་ཁོངས་སུ་ལས་ཀ་སྔོན་ལ་བཀོད་སྒྲིག་བྱས་པ་དང་ས་ཁོངས་སྒྲོལ་བའི་ཉིང་ལག་རུ་ཁག་6ཀྲེན་ཀྲོའུ་དང་། ཤིན་ཤང་། ཅའོ་ཙུའོ། ཀྲོའུ་ཁའུ་བཅས་སུ་རོགས་སྐྱོར་བྱེད་པར་མངགས་གཏོང་བྱས་པ་དང་ཉིང་ལག་རུ་ཁག་3བབ་བསྟུན་སྟོབས་ཤུགས་སུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རོགས་སྐྱོབ་བྱ་སྤྱོད་ལ་རོགས་སྐྱོར་བྱ་རྒྱུའི་གྲ་སྒྲིག་བྱས་པ་རེད། ཧྲན་ཏུང་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་དམག་འཐབ་ཚན་པ་59སྒྲིག་འཛུགས་བྱས་ཏེ། བསྡོམས་རོགས་སྐྱོབ་རླངས་འཁོར་139དང་བཀོད་འཐབ་པ་906གི་འབྲུབ་འགོག་ཉེན་སེལ་གྱི་བབ་བསྟུན་དཔུང་ཁག་གཙོ་གནད་ས་ཁུལ་དང་གྲོང་ཁྱེར་4ལ་ཕྱོགས་པ་དང“གཙང་པོ་གཉིས་དང་མཚེའུ་གཉིས”ཀྱི་ལམ་རྒྱུད་ཉིང་ལག་རུ་ཁག་ཚང་མས་སྔོན་ལ་གྲ་སྒྲིག་ལས་དོན་སྤེལ་བ་དང་སྦྲགས། ཆུ་ཚོད་72རིང་རང་བརྟེན་འགན་ལེན་བྱ་རྒྱུར་གཞི་ཚུགས་ནས་འགན་ལེན་ནུས་པ་དོན་འཁྱོལ་བྱས་པ་རེད།
     ཟླ་8ཚེས་22ཉིན་གྱི་ཆུ་ཚོད་15བར་ད་ཐེངས་ཀྱི་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་རྗེས། རྒྱལ་ཡོངས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་བསྡོམས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་དང་ཉེན་བརྡ་197དང་ལེན་བྱས་པ་དང་། རིམ་རྩིས་བྱས་ན་མེ་ཟོན་རླངས་འཁོར241དང་། གྲུ་གཟིངས་25 བཀོད་འཐབ་པ་1375བཅས་བཏང་ནས་བསྡོམས་ཉེན་གྱར་བ་152མྱུར་སྐྱོབ་བྱས་པ་དང་མང་ཚོགས་650གནས་སྤོས་པ་རེད།