འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་18ཉིན།

༄༅།།ཡུན་ནན་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་ཅིག་གིས་ད་ལོར་དུག་རྫས་ཏུན་1.5རྩིས་ལེན་བྱས་པ་རེད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་18ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཡུན་ནན་ཕུའུ་ཨར་མཐའ་མཚམས་དོ་དམ་རུ་ཁག་གིས་ཚེས་17ཉིན་དུག་འགོག་འཐབ་འབྲས་གསར་བ་ཁྱབ་བསྒྲགས་བྱས། ཡན་ལག་རུ་ཁག་དེས་ད་ལོར་དུག་རྫས་གྱོད་གཞི་120རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་144འཛིན་བཟུང་བྱས་པ་དང་དུག་རྫས་སྤྱི་རྒྱ་1596.12རྩིས་ལེན་བྱས་པ་རེད། ཕུའུ་ཨར་“གྲོང་ཁྱེར་གཅིག་རྒྱལ་ཁབ་གསུམ་དང་མུ་འབྲེལ་”ཡོད་ལ་འཛམ་གླིང་གི་དུག་རྫས་འབྱུང་གནས་“གསེར་ཟུར་གསུམ”དང་ཡང་འབྲེལ་ཡོད་ཁར། དེ་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ཀྱི་དུག་འགོག་གཡུལ་ས་མདུན་མ་ཡིན།