འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་16ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་16ཉིན། 12:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས།
     མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མས་ཐའེ་ཝན་དང་འབྲེལ་བ་ཡོད་པའི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ནང་ཞུགས་རྒྱུའི་གྲོས་གཞི་གྲོས་འཆམ་བྱུང་བར་དམིགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
     དྲི་བ། ཟླ་8་ཚེས་6་ཉིན། ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མས་གྲོས་མི་ཉུང་ཤས་ལས་ཞུགས་མེད་པའི་གནས་ཚུལ་འོག་“མགྲིན་གཅིག་ཏུ་མོས་མཐུན་བྱུང་བའི”རྣམ་པའི་ཐོག་ནས་“ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་འཐབ་ཇུས་གཏན་འབེབས་བྱས་ཏེ་ཐའེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལྟ་ཞིབ་པའི་གོ་གནས་བསྐྱར་དུ་འཐོབ་པར་བྱ་དགོས་པའི་”གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོས་གཞི་དེས་ཨ་རིའི་རྒྱལ་དོན་བློན་ཆེན་གྱིས་རང་ངོས་ཀྱི་ལེགས་བཅོས་འཆར་གཞི་ལེགས་སྒྲིག་བྱས་ནས་ཐའེ་ཝན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལྟ་ཞིབ་པའི་གོ་གནས་ཐོབ་པ་བྱེད་ཆེད་གསལ་བཤད་དགོས་པའི་རེ་བ་བཏོན་ཡོད། ཀྲུང་གོའི་ཕྱོགས་ལ་དེའི་ཐད་དཔྱད་བརྗོད་ཅི་ཞིག་ཡོད་དམ།
     དྲིས་ལན། ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མས་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྲིད་ཚོང་པ་ཉུང་ཤས་ཀྱི་ཆབ་སྲིད་ཀྱི་གཡོ་ལས་ཤིག་རེད། གྲོས་གཞི་དེས་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་བར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་དང་ཚབས་ཆེན་འགལ་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ་བཅས་རེད། ཀྲུང་གོ་ཕྱོགས་ནས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་གོང་མའི་བྱ་སྤྱོད་ལ་ཡི་རང་གཏན་ནས་མི་བྱེད་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་པས་ཨ་རིའི་ཕྱོགས་ལ་འབྲེལ་གཏུག་ནན་པོ་བྱས་ཡོད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས་ཀྲུང་གོའི་ཐའེ་ཝན་ས་ཁུལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བྱེད་སྒོར་ཞུགས་པར་ངེས་པར་དུ་ཀྲུང་གོ་གཅིག་གི་རྩ་དོན་ལྟར་ཐག་གཅོད་བྱ་དགོས། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་སྤུན་ཟླ་ཐའེ་ཝན་པའི་བདེ་ཐང་དང་བདེ་སྐྱིད་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཐའེ་ཝན་ས་ཁུལ་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་ནང་ཞུགས་པར་བཀོད་སྒྲིག་འོས་འཚམ་བྱས་ཡོད།
     ང་ཚོས་ཨ་རིའི་རྒྱལ་ཚོགས་ལ་ཐའེ་ཝན་གནད་དོན་ལ་ལྡན་པའི་ཚོར་སྐྱེན་རང་བཞིན་ཚད་མཐོན་པོ་ངོས་འཛིན་གང་ལེགས་དང་། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་བར་གྱི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྩི་སྲུང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་། ཐའེ་ཝན་ལ་“རྒྱལ་སྤྱིའི་བར་སྟོང་”ཞེས་པ་རྒྱ་སྐྱེད་གཏོང་རོགས་མི་བྱེད་པ། “ཐའེ་ཝན་རང་བཙན་”སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་གང་ཡང་མི་གཏོང་བ་བཅས་བྱེད་དགོས་པའི་སྐུལ་འདེབས་གཏོང་རྒྱུ་ཡིན།
༄༅།།ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས།