འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་གསེར་ངོ་མ་ཡིན་ནམ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་གསེར་ངོ་མ་ཡིན་ནམ།
    ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་ནི་ལུས་རྩལ་བའི་ངོས་ནས་བརྗོད་ན་བླ་ན་མེད་པའི་མཚན་སྙན་ཞིག་ཡིན་པ་རྒྱུན་ལྡན་གྱི་དོན་སྙིང་དང་བསྡུར་ཐབས་མེད། འོན་ཀྱང་མི་ལ་ལས་ཡ་མཚན་བྱེད་བཞིན་ཡོད། རྩ་ཆེའི་ལྕགས་རིགས་ནས་བལྟས་ན། ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་རིན་ཐང་ཅི་འདྲ་ཡིན་ནམ། གཤམ་དུ། བཟོ་རྩལ་ལ་བསམ་གཞིག་མི་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུ་ཆ་ཁོ་ནའི་ཐོག་ནས་སྐབས་འདིའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མའི་རིན་གོང་ལ་ཚོད་རྩིས་ཤིག་བྱེད། 
   རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་གཏན་འབེབས་ལྟར་ན། ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་གསེར་ངོ་མ་མ་རེད། དེ་ནི་གསེར་ཆུ་བྱུགས་པའི་དངུལ་གྱི་རྟགས་མ་ཡིན་ཞིང་། ཉུང་མཐར་ཡང་གསེར་ཁེ་6བྱུགས་ཡོད་པ་རེད། 
   ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་རེར་དངུལ་ཁེ་550རེའི་ཐོག་གསེར་ཁེ་6བྱུགས་ཡོད། སྤུས་ཚད་ཀྱི་རིན་གོང་ཁོ་ནའི་ཐོག་ནས་བལྟས་ན། མིག་སྔར་མི་དམངས་ཤོག་སྒོར་5000ལྷག་གི་རིན་རེད། 
   དངུལ་གྱི་རྟགས་མ་ནི་ཁེ་550ཡི་དངུལ་བཙོ་མ་ཡིན་ཞིང་། མིག་སྔའི་དངུལ་གྱི་རིན་གོང་ལྟར་ན་མི་དམངས་ཤོག་སྒོར་3000ཙམ་རིན་པ་རེད། 
ཟངས་ཀྱི་རྟགས་མའི་ལྗིད་ཚད་ལ་ཁེ་450ཙམ་ཡོད་པ་དང་། རྒྱུ་ཆ་ནི་95%ཟངས་དང5%ཏི་ཚ་རེད། མིག་སྔར་མི་དམངས་ཤོག་སྒོར་30རིན་པ་རེད། 
གླེང་རིན་ཡོད་པ་ཞིག་ལ། ད་ཐེངས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་ཚང་མ་ནི་ཕྱིར་བསྡུས་པའི་གློག་རྡུལ་གད་སྙིགས་ཀྱིས་བཟོས་པ་རེད། འདི་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། 
   2017ལོར་ལྗར་པན་སྲིད་གཞུང་གིས་ལག་ཐོགས་ཁ་པར་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཕྱིར་བསྡུ་བྱས་པ་རེད། ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་། རྒྱལ་ཡོངས་སུ་ཁྱིམ་སྤྱོད་གློག་ཆས་ཆུང་གྲས་ཏུན་79000ཙམ་དང་ལག་ཐོགས་ཁ་པར་རྙིང་པ་ཁྲི་621འཚོལ་བསྡུ་བྱས་པ་དང་། དེའི་ཁྲོད་ནས་གསེར་སྤྱི་རྒྱ་32ཙམ་དང་དངུལ་སྤྱི་རྒྱ་3500ཙམ། དེ་བཞིན་དུ་ཟངས་སྤྱི་རྒྱ་2200ཙམ་བཙོ་སྦྱངས་བྱས་པ་དང་། མཐར་ཕྱིར་བསྡུས་ཤིང་བཙོ་སྦྱངས་བྱས་པའི་ལྕགས་རིགས་དེ་དག་བེད་སྤྱད་དེ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་བསྟོད་རྟགས་མ་བཟོས་པ་རེད།
༄༅།།ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ནི་གསེར་ངོ་མ་ཡིན་ནམ།