འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་6ཉིན།

༄༅།།ལོ་ངོ་70རིང་གི་འགྱུར་ལྡོག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་06ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལོ་ངོ་70རིང་གི་འགྱུར་ལྡོག
    མི་དམངས་དྲ་བའི་འཕྲིན། བྱ་བ་འགྲུབ་མིན་འཆམ་མཐུན་ལ་རག་ལས། སྟོབས་ཤུགས་ཡོད་མེད་མཐུན་སྒྲིལ་ལ་ཐུག་ཡོད། ལོ་ངོ་70ཡི་རིང་། དབུལ་ཕོངས་རྗེས་ལུས་ནས་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་བར་དང་། ལྐོག་གྱུར་རྒྱུས་མེད་ནས་དེང་རབས་སྒོ་འབྱེད་བར། བོད་ལྗོངས་ལ་གནམ་ས་བླ་འོག་ཏུ་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། “མཁའ་ལམ”གསར་པ་བརྒྱུད་ནས་སོང་ན་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་ནོར་ལུག་ཁྱུ་དང་ཁྱུ་ཡོད་པའི་མཛེས་ལྗོངས་ཡིད་དབང་འཕྲོག་པ་དེ་མཐོང་ཐུབ་ལ། ཐོན་ལས་གསར་པ་དང་རིག་གནས་གསར་གཏོད་ལས་བྱུང་བའི་གསར་དར་སྟོབས་ཤུགས་ཀྱང་མཐོང་རྒྱུ་ཡོད།
   ད་ཆར་བོད་ལྗོངས་སུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་ཅིང་། མི་རིགས་ཁག་སེ་འབྲུ་བཞིན་རྡོག་གཅིག་ཏུ་དམ་པོར་འགྲིལ་བ་དང་། རྩམ་པ་བཞིན་རྡོག་རྡོག་བརྫིས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་བཞིན་ཡོད།
   མེ་འཁོར་ལ་བསྡད་ནས་ལྷ་སར་འགྲོ།  ང་ཚོས་མཉམ་དུ་“འཛམ་གླིང་ཡང་རྩེ”ཡི་འགྱུར་ལྡོག་ལ་བལྟ། 
   ཁྱེད་རང་། ཅིའི་ཕྱིར་བོད་ལྗོངས་ལ་འགྲོ་བ་ཡིན། 
   དྭངས་ཤིང་གསལ་བའི་མཚོ་ཞིག་གི་ཆེད་དུ་ཡིན་ནམ།
   བརྗིད་ཆགས་རི་བོ་ཞིག་གི་ཆེད་དུ་ཡིན།
   ཧ་ལས་ཧང་སངས་བའི་མིག་གི་ལོངས་སྤྱོད་དེའི་ཆེད་དུ་ཡིན།
   ཡང་ན། ཚོན་མདོག་གི་མཛེས་ལྗོངས་དེའི་ཆེད་དུ་ཡིན་ནམ། 
   ལོ་ངོ་70ཡི་འགྱུར་ལྡོག 
   དེང་སང་འབྱོར་འབྲིང་གི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། 
   ད་ལྟའི་བོད་ལྗོངས་ནི་“མི་ཡུལ་བརྗེ་སྤོར་”བརྒྱབ་པ་ལྟར།
   སྐྱེ་སྟོབས་ཀྱིས་ཁེངས་པའི་བོད་ལྗོངས་ཀྱིས་ཁྱེད་ཉིད་ཕེབས་པར་སྒུག་ཡོད། 
【1】  【2】
༄༅།།ལོ་ངོ་70རིང་གི་འགྱུར་ལྡོག
༄༅།།ལོ་ངོ་70རིང་གི་འགྱུར་ལྡོག
༄༅།།ལོ་ངོ་70རིང་གི་འགྱུར་ལྡོག
༄༅།།ལོ་ངོ་70རིང་གི་འགྱུར་ལྡོག