འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གི་ཡིད་འོང་ཇ་རའི་ཕྱུག་འགྱུར་ལམ་བུ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་གི་ཡིད་འོང་ཇ་རའི་ཕྱུག་འགྱུར་ལམ་བུ།
     མི་དམངས་དྲ་བའི་འཕྲིན། ཐང་རྒྱལ་རབས་ནས་བཟུང་། ནང་ལོགས་ཀྱི་ཇ་དེ་ཇ་རྟ་ཚོང་ལམ་བརྒྱུད་དེ་བོད་དུ་དབོར་བས་དམངས་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མི་རྣམས་ཀྱི་ནམ་རྒྱུན་གྱི་འཚོ་བའི་ནང་དུ་ཐ་ན་“ཉིན་གསུམ་ལ་འབྲུ་རིགས་མེད་ན་ཡང་། ཉིན་གཅིག་ལ་ཇ་མེད་ན་མི་ཆོག”་ཅེས་པའི་བཤད་ཚུལ་ཡང་བྱུང་ཡོད།
     ཉེ་ཆར། “སེ་འབྲུའི་མེ་ཏོག་བཞད། སེ་འབྲུ་གཅིག་སེམས་མཐུན”་ཞེས་པའི་དྲ་རྒྱའི་བརྗོད་དོན་གཙོ་བོའི་བྱེད་སྒོའི་སྨྱན་སྦྱོར་ཚོགས་པ་དང་བཅས་པ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་ཡིད་འོང་ཇ་རར་ཕེབས། ཇ་ར་དེ་1960ལོར་བཙུགས་ཤིང་། དེ་ནི་དེ་སྔའི་བོད་སྐྱོད་དཔུང་སྡེ་དང་རྗེས་མཐུད་དཔུང་སྡེས་བསྐྲུན་པའི་དམག་གསར་ཞིང་ར་ཞིག་ཡིན་པ་དང་1963ལོར་ཇ་ལོ་ཐོན་སྐྱེད་འཕེལ་རྒྱས་གཏོང་འགོ་ཚུགས་པ་དང་། སི་ཁྲོན་མིང་ཧྲན་རྫོང་མོང་ཏིང་ཇ་ར་ནས་སི་ཁྲོན་གྱི་ལོ་མ་འབྲིང་ཆུང་ཇ་ཤིང་སྣ་ཁ་ནང་འདྲེན་བྱས་ཏེ་བོད་ས་ཁུལ་གྱི་ཇ་ཞིང་དང་པོ་གསར་སྦོལ་བྱས་པ་རེད།
     ཇ་རའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་2200ཟིན་པ་དེ་ནི་མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྐྱེ་ལྡན་ཇ་ལོའི་ཐོན་སྐྱེད་རྟེན་གཞི་ཞིག་རེད།
ཇ་རར་སླེབས་ཚེ། སྔོ་ལྗང་གི་མུ་མཐའ་མེད་ཅིང་རི་ཁྲོད་དུ་སྨུག་སྤྲིན་འཁྲིགས་བཞིན་ཡོད། ཧིན་རྡུ་རྒྱ་མཚོ་ཆེན་པོ་ནས་ཡོང་བའི་དྲོད་རླངས་ཡར་ཀླུང་གཙང་པོའི་གྲོག་རོང་བརྒྱུད་ས་མཐོར་བསྐྱོད་དེ་ཇ་ར་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་དྲོད་རླངས་ཀྱི་གནམ་གཤིས་དང་ཆར་ཆུ་ཕུན་སུམ་ཚོགས་པ་བབས་ནས་ཇ་ལོ་དེ་བས་སོས།
     ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་ཡིད་འོང་ཇ་རའི་གཞི་ཁྱོན་མུའུ་5055ཟིན་པ་དང་ཇ་རའི་མུའུ་2463ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཐོན་སྐྱེད་བྱས་པའི་ཇ་ལོའི་ཐོན་རྫས་ལ་ཇ་ལྗང་དང་ཇ་དམར། ཇ་ནག་བཅས་ཡོད་པ་དང་། ད་ཆ་ཡིད་འོང་ཇ་ར་པུའུ་ཡི་ཇ་ལོ་ལས་སྣོན་བཟོ་གྲྭ་དང་ཡིད་འོང་ཇ་ར་(རྫ་ཡུལ་)མཐའ་འཚོང་ལས་སྣོན་བཟོ་གྲྭ་དང་ཡིད་འོང་ཇ་རའི་ཇ་ཤིང་སྐྱེད་སྲིང་རྟེན་གཞི་དང་ས་མཐོའི་སྐྱེ་ལྡན་ཇ་རིགས་ཚན་ཞིབ་ལྟེ་གནས་ཡོད་པ་རེད།  
     མིག་སྔར། ཀོང་ཏུང་གི་བོད་སྐྱོར་གྱིས་ཇ་རར་རོགས་སྐྱོར་བྱས་ནས་ཚན་རྩལ་རིགས་གཅིག་མཁས་ཅན་བཏང་ནས་ཇ་འདེབས་པ་དང་ཇ་བཟོ་བར་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག་སྲོལ་རྒྱུན་གྱི་ཇ་ལྗང་དང་ཇ་ནག་གི་རྨང་གཞིའི་ཐོག་“ཡིད་འོང་ཇ་དམར” (དམིགས་བསལ་རིམ་པ་) ཐོན་རྫས་གསར་སྤེལ་བྱས་ཡོད། 
     ཡིད་འོང་ཇ་ར་ཏང་ཨུད་ཀྱི་ཨུ་ཡོན་དང་ཐོན་སྐྱེད་པུའི་པུའུ་ཀྲང་གཅིག་ལྕོགས་ཧོང་ཧྭ་ལིན་ཡང་བོད་སྐྱོར་རུ་ཁག་ཁྲོད་ཀྱི་ཁོངས་མི་ཞིག་རེད། ཧོང་ཧྭ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་ཡིད་འོང་ཇ་རའི་བྲིན་ཚོང་ཡོང་འབབ་དེ་ལོ་གོང་མའི་དུས་མཉམ་ལས་95%འཕར་ནས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད།“དེ་ནི་ཇ་རའི་ལོ་རྒྱུས་ཐོག་གྱོང་སེལ་ཁེ་སྒྱུར་ཐེངས་དང་པོ་བྱས་པ་ཞིག་རེད།”
     ཇ་ཐོན་ལས་ཀྱིས་ད་དུང་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱུང་ཡོད། ཇ་འཐུ་བཞིན་པའི་བོད་རིགས་བུ་མོ་ཞིག་གིས་སྨྱན་སྦྱོར་ཚོགས་པར་བཏུས་པའི་ཇ་ལོར་རྒྱ་གྲངས་རྩིས་བཞིན་ཡོད་པས་གལ་ཏེ་རྩེར་སོན་གྱི་ལོ་མ་གསར་པ་ཆུང་ཆུང་ཞིག་འཐུ་ཐུབ་ཚེ་རྒྱ་མ་གང་རེར་སྒོར་150བརྗེ་ཐུབ་ཀྱི་ཡོད་ཅེས་བཤད།
     མི་འགྱངས་བར་སློབ་ཆེན་འདོན་དུ་འགྲོ་བའི་མོས་སློབ་ཆུང་ནས་བཟུང་གུང་གསེང་བེད་སྤྱད་ནས་ཇ་ལོ་འཐུ་བར་བརྟེན་ནས་སྒོར་མོ་རག་ཐབས་བྱེད་ཀྱི་ཡོད་ཅིང་། “ངས་ཕྱི་དྲོ་གཅིག་ལ་རྒྱ་མ་6འཐུ་ཐུབ་པ་དང་ཨ་མའི་ལག་མྱུར་པས་ཕྱི་དྲོ་གཅིག་ལ་རྒྱ་མ་18འཐུ་ཐུབ་ཀྱི་འདུག”ཅེས་བཤད་བྱུང་།
【1】  【2】
ཡིད་འོང་ཇ་རའི་ཇ་འཐུ་ལས་ལ་གཞོལ་བའི་བོད་རིགས་བུ་མོའི་གཟུགས་གྲིབ།
ཡིད་འོང་ཇ་རའི་ཇ་འཐུ་ལས་ལ་གཞོལ་བའི་བོད་རིགས་བུ་མོའི་གཟུགས་གྲིབ།