འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་3ཉིན།

༄༅།།ཀྲུང་གོ་སྲིད་གཞུང་གིས་ཁུ་པར་རོགས་སྐྱོར་བྱས་པའི་དབུགས་འབྱིན་རྔུབ་འཕྲུལ་ཆས་ཧ་ཝ་ནར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་03ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་31ཉིན་ཀྲུང་གོ་སྲིད་གཞུང་གིས་ཁུ་པར་རོགས་སྐྱོར་བྱས་པའི་དབུགས་འབྱིན་རྔུབ་འཕྲུལ་ཆས་ཁུ་པའི་རྒྱལ་ས་ཧ་ཝ་ནར་འབྱོར་ཡོད། འདི་ནི་ཀྲུང་གོ་སྲིད་གཞུང་གིས་ཁུ་པས་རེས་སྐོར་གསར་པའི་ཏོག་གསར་གློ་ཚད་རིམས་ནད་སླར་ཡང་ཐོན་པར་ཁ་གཏད་གཅོག་རྒྱུར་རོགས་སྐྱོར་བྱས་པའི་དངོས་ཟོག་ཁག་དང་པོ་དེ་ཡིན་པ་དང་། འགོག་སྲུང་ཡོ་ཆས་ཚུད་པའི་དེ་མིན་གྱི་རོགས་སྐྱོར་དངོས་ཟོག་ཚང་མ་ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་འབྱོར་རྒྱུ་རེད།
   ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ལས་ཁུངས་ཀྱི་ཚགས་པར《ཀེ་ལ་མ་ཚགས་པར》དང་དེ་བཞིན་ཁུ་པའི་གཞུང་ཕྱོགས་ཀྱི་འཕྲིན་གཏོང་ཁང་ལ་ཏིང་མེ་གླིང་འཕྲིན་གཏོང་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། རིམས་ནད་ཐོན་ཚུན་ཁུ་ཀྲུང་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ན་ནིང་ཁུ་པར་དབུགས་འབྱིན་རྔུབ་འཕྲུལ་ཆས་དང་། ཁ་རས། འགོག་སྲུང་གྱོན་ཆས་སོགས་རིམས་འགོག་དངོས་ཟོག་ཁག་མང་པོ་ཞལ་འདེབས་བརྒྱབ་ནས། ཁུ་པས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ཐེངས་ཀྲུང་གོ་ཕྱོགས་ཀྱིས་དབུགས་འབྱིན་རྔུབ་འཕྲུལ་ཆས་མགྱོགས་མྱུར་ཞལ་འདེབས་རྒྱག་པ་དེ་ཐོག་ནས་ཁུ་ཀྲུང་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འགྱུར་མེད་ཀྱི་མཛའ་གྲོགས་སླར་ཡང་མངོན་ཡོད།