འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་2ཉིན།

༄༅།།བོད་ལྗོངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མི་1འཛིན་རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་02ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྤྱི་བདེ་ཅུས་ཆུ་མདོ་གྲོང་རྡལ་མངགས་གཏོང་ཁང་གི་དེ་སྔའི་སུའོ་ཀྲང་གཞོན་པ་རིམ་གསུམ་ཉེན་རྟོག་དཔོན་འཇིགས་མེད་(ཁོའོ་རིམ་པ་གཞོན་པ)ཀྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞིའི་ཁོངས་གཏོགས་དམིགས་འཛུགས་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དོགས་གཞི་ཡོད་པའི་ཐོག་ནས་འཇིགས་མེད་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་ཡོད། གྱོད་གཞི་འདི་མུ་མཐུད་ནས་་ཐག་གཅོད་བྱེད་བཞིན་ཡོད།