འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་30ཉིན།

༄༅།།འཇབ་རྒོལ་བྱེད་མཁན་དོགས་ཡོད་ཉེས་ཅན་བཟུང་བའི་ཐད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་30ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཇབ་རྒོལ་བྱེད་མཁན་དོགས་ཡོད་ཉེས་ཅན་བཟུང་བའི་ཐད།
   ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་7ཚེས་29ཉིན། ཕྱི་འབྲེལ་པུའུ་ཡི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ་འབྲེལ་ཡོད་དྲི་བར་ལན་འདེབས་དུས། ཕ་ཁེ་སི་ཐན་ཉེན་རྟོགས་ཕྱོགས་ཀྱིས་ཚེས་28ཉིན་ཏཱ་སུའུ་ཆུ་གློག་ས་ཚུགས་ཉེ་བརྒྱུད་རླངས་འཁོར་ལ་འཇབ་རྒོལ་བྱས་པའི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་པ་རེད། མིག་སྔར། ཀྲུང་གོ་དང་ཕ་ཁེ་སི་ཐན་ཕྱོགས་གཉིས་ཀྱིས་དོན་དེའི་ཐད་མཉམ་འབྲེལ་གྱིས་རྟོག་ཞིབ་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁེ་སི་ཐན་དང་མཉམ་དུ་རོགས་སྒྲུབ་མཐུན་སྦྱོར་ནན་མོ་བྱས་ནས། ནུས་ཤུགས་ཡོད་རྒུས་དོན་ངོ་མ་ཞིབ་གཅོད་བྱེད་པ་དང་། དོན་རྐྱེན་བཟོ་མཁན་ལ་ཆད་པ་ནན་མོ་གཅོད་རྒྱུ། དུས་མཚུངས་སུ། ཕ་ཁེ་སི་ཐན་དུ་ལས་གཞི་ཡོད་པའི་ཀྲུང་གོའི་མི་སྣ་དང་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱས་ནས། འདིའི་རིགས་ཀྱི་དོན་རྐྱེན་སླར་བྱུང་བ་སྔོན་འགོག་བྱ་རྒྱུ་ཡིན་པ་བརྗོད།