འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་མི་1གཞུང་གཏུག་དང་མི་1འཛིན་
རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཧོང་ཅིན་ཀང་གིས་ལྐོག་རྔན་བླངས་པ་དང་ཁྲིམས་འགལ་ངང་རྫས་མདེལ་ཉར་བའི་གྱོད་གཞིར་ཁྲིམས་ལྟར་གཞུང་ཕྱོགས་ནས་ཞུ་སྦྱོར་བྱས་པ་རེད། 
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་གོང་དཀར་རྫོང་གི་དེ་སྔའི་རྫོང་ཨུད་ཧྲུའུ་ཅི་ཧོང་ཅིན་ཀང་(ཁྲུའུ་རིམ་པ་རྒན་པ)གིས་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཁྲིམས་འགལ་ངང་རྫས་མདེལ་ཉར་བའི་བྱས་ཉེས་ཀྱི་གྱོད་གཞི་དེ་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་འཛུགས་བྱས་པ་བརྒྱུད་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ནག་ཆུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
   ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་རིམ་ནང་། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་ཧོང་ཅིན་ཀང་ལ་གཏུག་བཤེར་བྱེད་དབང་ཡོད་པ་ཤེས་སུ་བཅུག་པ་མ་ཟད། བཅའ་ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་བར་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་འཇོག་ཀྱང་བྱས་པ་རེད། ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ཧོང་ཅིན་ཀང་གིས་ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས་ལས་གྲྭའི་རྣམ་གྲངས་སྒྲུབ་འགན་ལེན་པ་དང་། ལས་གྲྭའི་དངུལ་སྤྲོད་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་རག་ཐབས་བྱས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་སློང་ལེན་བྱས་པའི་གྲངས་འབོར་ཧ་ཅང་ཆེན་པོ་ཡིན་པ། མེ་མདའ་དོ་དམ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དང་འགལ་ཏེ་ཁྲིམས་འགལ་གྱིས་རྫས་མདེལ་ཉར་བས། ཁྲིམས་ལྟར་ལྐོག་རྔན་བླངས་པའི་བྱས་ཉེས་དང་ཁྲིམས་འགལ་གྱིས་རྫས་མདེལ་ཉར་བའི་བྱས་ཉེས་ཐོག་ནས་ཉེས་འགན་བདའ་འདེད་བྱེད་དགོས།
   ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཧོའུ་ཀུའེ་ཧྲུའུ་འཛིན་རྒྱུའི་ཐག་བཅད། 
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་ཧོའུ་ཀུའེ་ཧྲུའུ་(ཁྲུའུ་རིམ་པ་རྒན་པ)ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཉིང་ཁྲི་གྲོང་ཁྱེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་དོགས་གནད་ཡོད་པའི་ཐོག་ནས་ཧོའུ་ཀུའེ་ཧྲུའུ་འཛིན་བཟུང་བྱ་རྒྱུའི་ཐག་བཅད་པ་རེད། གྱོད་གཞི་འདི་མུ་མཐུད་ནས་ཐག་གཅོད་བྱེད་བཞིན་ཡོད།