འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་29ཉིན།

༄༅།།སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་ལ་རིན་ལེན་གསབ་ཁྲིད་ཀྱི་གནད་དོན་གནས་རིགས་
བཅོས་སྒྲིག་བྱས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་29ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། གསར་འགོད་པས་སློབ་གསོ་པུའི་དྲ་ཚིགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་སློབ་གསོ་པུའི་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་གི་རིན་ལེན་གསབ་ཁྲིད་དང་དགེ་རྒན་གྱིས་སྒྲིག་འགལ་ངང་ལག་རྟགས་དང་སྐྱེས་དངུལ་ལེན་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་དགེ་རྒན་ལ་དམིགས་ནས་དུས་ཡུན་ཟླ་དགུ་རིང་རིན་ལེན་གསབ་ཁྲིད་དང་། སྒྲིག་འགལ་ངང་ལག་རྟགས་ལེན་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་བྱས་པ་བརྒྱུད། ས་གནས་ཁག་ལ་རང་བཤེར་རང་བཅོས་དང་། དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ལས་ཀའི་རྩིས་ཁྲ་བཟོ་བ། རྩད་ཆོད་མཐའ་གསལ་བྱུང་བའི་གནད་དོན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་པ། དགེ་སློབ་དང་མང་ཚོགས་ཀྱི་གླེང་མང་བ་དང་ཤུགས་རྐྱེན་ངན་པ་ཐོན་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུར་དམ་འཛིན་ལྷོད་མེད་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། སློབ་གསོ་པུས་དགེ་རྒན་གྱིས་“སློབ་ཚན་ཐོག་མི་སློབ་པར་སློབ་ཚན་གྲོལ་རྗེས་སློབ་པ”དང་།“སློབ་གྲྭ་ཕྱིའི་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་པ།”“ཁྱིམ་བདག་དང་ཁེ་ཕན་བརྗེ་རེས་བྱེད་པ”སོགས་ཀྱི་བྱ་སྤྱོད་ལ“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་བཟུང་བ་རེད།