འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་23ཉིན།

༄༅།།ས་མཐོའི་སྐྱེ་ཁམས་སྔོ་ཚལ་འདེབས་འཛུགས་ལས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་23ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་འཛམ་ཐང་གསེར་མགོ་གྲོང་ཚོའི་ཞིང་འབྲོག་པས་སྔོ་ཚལ་རྟེན་གཞིའི་ཚལ་ཞིང་ནང་རྩྭ་ངན་འཐུ་བཞིན་པ།
འདི་ནི་འཛམ་ཐང་གསེར་མགོ་གྲོང་ཚོའི་ཞིང་འབྲོག་པས་སྔོ་ཚལ་རྟེན་གཞིའི་ཚལ་ཞིང་ནང་རྩྭ་ངན་འཐུ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། འཛམ་ཐིང་རྫོང་ནི་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཡི་ནུབ་རྒྱུད་དུ་གནས་ཤིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པའི་ས་མ་འབྲོག་གི་རྫོང་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། འཛམ་ཐིང་རྫོང་གིས་ཀྲེ་ཅང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་སྔོ་ཚལ་ཐོན་ལས་འཕེལ་རྒྱས་བཏང་ཡོད། རྫོང་དེའི་གསེར་མགོ་གྲོང་ཚོས་རྒྱ་ཁྱོན་མུའུ་1100ལྷག་ཙམ་ཟིན་པའི་སྔོ་ཚལ་རྟེན་གཞི་བསྐྲུན་ནས་ས་མཐོའི་སྐྱེ་ཁམས་སྔོ་ཚལ་དཔེ་སྟོན་འདེབས་འཛུགས་བྱས་ཡོད། ལོ་རེར་ས་ཞིང་བརྒྱུད་བཤུག་བཏང་བའི་ཡོང་འབབ་ཕུད། ཞིང་འབྲོག་པས་སྔོ་ཚལ་རྟེན་གཞིར་ལས་ཀ་བྱས་ཏེ་སྤྱོད་གོ་ཆོད་པའི་རྩལ་ནུས་སྦྱོང་ཐུབ་པ་དང་ཡོང་འབབ་ཡོང་ཁུངས་ཀྱང་མང་དུ་ཕྱིན་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ནུས་ལྡན་ཐུབ་ཡོད།