འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་14ཉིན།

༄༅།།འཛམ་གླིང་ཐོག་ཚོན་རིས་རྒྱ་ཁྱོན་ཆེས་ཆེ་བའི་ལྷ་ཁང་སྟེ་རྗེ་དོ་ཁ་མའི་ལྷ་ཁང་། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་14ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་ཐོག་ཚོན་རིས་རྒྱ་ཁྱོན་ཆེས་ཆེ་བའི་ལྷ་ཁང་སྟེ་རྗེ་དོ་ཁ་མའི་ལྷ་ཁང་།
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་སྤེན་དཀར་ཐང་ཕུན་ཚོགས་དར་རྒྱས་གླིང་གི་རྗེ་བཀྲ་ཤིས་དོ་ཁ་མའི་ལྷ་ཁང་ཚེས་13ཉིན་དངོས་སུ་གསར་བཞེངས་ལེགས་འགྲུབ་བྱུང་བ་དང་། འཛམ་གླིང་ཟིན་ཐོ་བདེན་དཔང་ར་སྤྲོད་སྒྲིག་གཞི་(WRCA)ཡིས་ཚོན་རིས་རྒྱ་ཁྱོན་ཆེ་ཤོས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་དང་ཤིང་ཆ་ལས་གྲུབ་པའི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་ཆེ་ཤོས་དེར་ངོས་འཛིན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བསྐྲུན་པའི་རྗེ་བཀྲ་ཤིས་རྡོ་ཁ་མ་ཁང་(རྗེ་ཙོང་ཁ་པའི་ལྷ་ཁང་)གི་ཕྱི་ནང་གཉིས་ཀར་གཏེར་རྡོ་རྒྱུ་ཆ་དང་རྩི་ཤིང་གི་རྒྱུ་ཆ་སྤྱད་ནས་ལག་བྲིས་བྱས་ཡོད་པ་དང་། རྒྱ་ཁྱོན་ལ་སྨི་ངོས་གྲུ་5883.48ཡོད་པ་དང་ལྷ་ཁང་དེ་“འཛམ་གླིང་གི་ཚོན་རིས་རྒྱ་ཁྱོན་ཆེ་ཤོས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་”ལ་གཏན་འཁེལ་བྱས་ཡོད། ལྷ་ཁང་དེའི་གྲུབ་ཆ་གཙོ་བོ་ནི་ཤིང་ཆ་ཡིན་ཞིང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་540ལྷག་ཙམ་དང་། རིང་ཚད་ལ་སྨི་27དང་། ཞེང་ཚད་ལ་སྨི་21མཐོ་ཚད་ལ་སྨི་16བཅས་ཡོད། ཁྱོན་བརྩེགས་རིམ་གསུམ་ཡོད། ལྷ་ཁང་དེ་“འཛམ་གླིང་གི་ཤིང་ཆས་གྲུབ་པའི་ཁེར་གཟུགས་ལྷ་ཁང་ཆེ་ཤོས་ཀྱི་བོད་བརྒྱུད་ནང་བསྟན་ལྷ་ཁང་”ལ་ངོས་འཛིན་བྱས་ཡོད།
【1】  【2】  【3】
༄༅།།འཛམ་གླིང་ཐོག་ཚོན་རིས་རྒྱ་ཁྱོན་ཆེས་ཆེ་བའི་ལྷ་ཁང་སྟེ་རྗེ་དོ་ཁ་མའི་ལྷ་ཁང་།