འཚོལ་བཤེར།   
藏文频道
2021ལོའི་ཟླ་7ཚེས་14ཉིན།

༄༅།།དགེ་རྒན་གྱི་དབྱར་དགུན་གུང་སེང་མེད་པར་བཟོས་ཟེར་བའི་ཐད་ཀྱི་ལན། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 07ཚེས་14ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་སློབ་གསོ་པུས་གསར་འགྱུར་བརྡ་སྦྱོར་ཚོགས་འདུ་འཚོགས་ནས། དབྱར་ཁའི་གུང་གསེང་རིང་གི་ཚབ་གཉེར་ཞབས་ཞུ་ཡིས་སློབ་གྲྭས་རང་འགུལ་དང་། སྤྱི་ཚོགས་ཐེ་ཞུགས། དགེ་རྒན་གྱིས་དང་བླངས། སློབ་མ་རང་མོས། སྤྱི་ཕན་ཀུན་ཕན་སོགས་ཀྱི་གཞི་རྩའི་བླང་བྱར་བརྩི་སྲུང་བྱེད་དགོས། དགེ་རྒན་གྱིས་རང་མོས་ངང་ཚབ་གཉེར་ཞབས་ཞུའི་ནང་ཞུགས་པའི་དུས་ཚོད་གཅིག་གྱུར་བཀོད་སྒྲིག་ལུགས་མཐུན་བྱས་ནས། དགེ་རྒན་གྱི་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱས་ཏེ། དགེ་རྒན་གྱི་དབྱར་གསེང་གི་དགོས་ངེས་ཀྱི་ངལ་གསོའི་དུས་ཚོད་འགན་སྲུང་བྱེད་དགོས་ལ། དགེ་རྒན་ལ་དབྱར་གསེང་རིང་སློབ་དཔྱོད་དང་གསོ་སྦྱོང་ནང་ཞུགས་རྒྱུའི་དུས་ཚོད་ཀྱང་འཇོག་དགོས། “དགེ་རྒན་གྱི་དབྱར་དགུན་གུང་གསེང་མེད་པ་བཟོས་ཡོད་”ཅེས་པ་ནི་ཁུངས་མེད་པ་ཅིག་ཡིན་པ་བསྟན།