འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་30ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་30ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུ།
     མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུའི་ཐོག་“གཟི་བརྗིད་ལྡན་པའི་ངང་ཏང་ནང་ཞུགས་ནས་ལོ་50འཁོར་བའི”དྲན་གསོའི་རྟགས་མ་ཐོབ་མཁན་དང་གསར་དུ་འཕེལ་རྒྱས་བཏང་བའི་ཏང་ཡོན་གྱི་འཐུས་མི་གདན་དྲངས་ཏེ“ལོ་བརྒྱའི་གསར་བརྗེའི་སྲོལ་རྒྱུན་གཅིག་ལས་གཅིག་བརྒྱུད་བྱས་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱ་རྒྱུའི་”ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཐུག་འཕྲད་བྱས་ནས་སྤེལ་རེས་བྱས་པ་རེད། འཐུས་མི་བཞི་བོ་སོ་སོ་ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ཆིང་ཧྭ་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་སུའེ་སེན་ཧྥང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ཅུས་ཀྱི་སྐབས་བཅུ་གཅིག་པའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཅིན་ཧྭ། ཀྲུང་གོ་ལྕགས་རིགས་བཙོ་སྦྱོང་ཚོགས་པ་ཚད་ཡོད་ཀུང་སིའི་དབུ་བཞུགས་ཚ་ལ་རྒྱག་མཁན་ལག་རྩལ་མཁས་ཅན་ཀྲའོ་ཕུའུ་པའོ། ཧུའུ་ནན་ཞིང་ཆེན་ཁྲང་ཏེ་གྲོང་ཁྱེར་ཐའོ་ཡོན་རྫོང་ཁྲ་ཨན་ཕུའུ་གྲོང་རྡལ་གྱི་ཁེར་གཉེར་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ལུང་པིང་བཅས་རེད།