མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅིར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་30ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྒྱལ་ཡོངས་ཀྱི་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་རེད།
     སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། གཟེངས་བསྟོད་ཐོབ་པའི་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅིའི་ཁྲོད་ཞི་ཅིན་ཕིང་སོགས་ཕེབས་ཏེ་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་སྦྲགས་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཤུའེ་ཞང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཤིས་མཇལ་འཕྲད་གནང་སྐབས་ལྷན་དུ་ཞུགས་ཡོད་པ་རེད།
     རྒྱལ་ཡོངས་ཀྱི་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅིའི་གཟེངས་བསྟོད་ཚོགས་འདུ་ཚེས་29ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་ཤིང་། ཁྲེན་ཤིས་ཀྱིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚོགས་ཞུགས་བློ་མཐུན་ཚོར་མཇལ་འཕྲད་གནང་བ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིར་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གཟབ་བཞེས་གནང་བ་གང་ལེགས་མཚོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཟེངས་བསྟོད་ཐོབ་མཁན་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅི་མིག་དཔེར་འཛིན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་བརྟན་པོར་འཛུགས་པ་དང་།
     མི་དམངས་ལ་བཅངས་པའི་བརྩེ་བ་བརྟན་སྲུང་བྱེད་པ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་ཞུན་བརྡར་བྱེད་པ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་གཙང་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
     ཧོ་པེ་ཞིང་ཆེན་ཧྥུའུ་ཕིང་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཆིང་དང་། ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་མིང་ཆོན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཧོང་ཕི་ཆུས་ཨུད་ཀྱི་ཧྲུའུ་ཅི་ཙེང་ཁྲེང་། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་བརྟན། ཀན་སུའུ་ཞིང་ཆེན་ཏུང་ཞང་རིགས་རང་སྐྱོང་རྫོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཤིའུ་ལན་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
     ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་སྔོན་ཐོན་དཔེ་མཚོན་གཏོད་འདེམས་ཡག་པོ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པར་འབད་འཐབ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་དེ་བས་ལེགས་པ་བྱ་རྒྱུར་ལྕག་སྐུལ་བྱ་ཆེད། ཀྲུང་དབྱང་གི་མོས་མཐུན་ཐོབ་པ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུས་རྫོང(གྲོང་ཁྱེར་དང་། ཆུས། ཆི)ཨུད་ཀྱི་ཧྲུའུ་ཅིའི་ལས་གནས་ཐོག་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་བློ་མཐུན་103ལ་རྒྱལ་ཡོངས་ཀྱི་རྫོང་ཨུད་ཀྱི་ཕུལ་བྱུང་ཧྲུའུ་ཅིའི་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

  
style="display:none;"