འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་18ཉིན།

༄༅།།ལོ་ཙཱ་བ་ཆེན་མོ་ཞུས་ཡོན་ཁྲུང་སྐུ་གཤེགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་18ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་པེ་ཅིང་སློབ་ཆེན་ནས་ཤེས་རྟོགས་བྱུང་གསལ། རང་རྒྱལ་ལོ་ཙཱའི་ལས་རིགས་ཀྱི་མཁས་པ་ཆེན་མོ་དང་། པེ་ཅིང་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཞུས་ཡོན་ཁྲུང་ཟླ་6ཚེས་17ཉིན་པེ་ཅིང་དུ་སྐུ་གཤེགས་ཤིང་། དགུང་ལོ་100ཡིན་པ་རེད།
   ཞུས་ཡོན་ཁྲུང་ནི་ཟླ་1921ལོར་ཅང་ཞི་ནན་ཁྲང་དུ་འཁྲུངས་ཤིང་། 1938ལོར་རྒྱལ་བཙུགས་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་ཕྱི་སྐད་ཚན་ཁག་དུ་རྒྱུགས་འཕྲོད། 1944ལོར་ཆིང་ཧྭ་སློབ་ཆེན་ཞིབ་འཇུག་སློབ་གླིང་ཕྱི་སྐད་རྩོམ་རིག་ཞིབ་འཇུག་སའོ་རུ་རྒྱུགས་འཕྲོད། 1983ལོ་ནས་པེ་ཅིང་སློབ་ཆེན་དུ་དགེ་རྒན་ཆེན་མོ་བའི་ལས་འགན་ཁུར།
  ཞུས་ཡོན་ཁྲུང་གིས་ལོ་80ལྷག་ལ་རྩོམ་རིག་སྐོར་གྱི་ལོ་ཙཱ་གནང་། སྒྱུར་རྩོམ་ནི་རྒྱ་ཡིག དབྱིན་ཇི། ཧྥ་རན་སིའི་ཡི་གེ་སྣ་ཚོགས་ལམ་ནས་ཡོད་ཅིང་། ལོ་ཙཱ་གཙོ་བོ་ཀྲུང་གོའི་གནའ་བོའི་སྙན་ངག་དབྱིན་ཇིར་བསྒྱུར་ཡོད་པས། ཚིགས་བཅད་སྙན་ངག་བསྒྱུར་ཐབས་ཀྱི་རིགས་པའི་གཞུང་ལུགས་དང་ལྟ་བ་གྲུབ་ཡོད་ཅིང་། ཁོང་ལ་“སྙན་ངག་དབྱིན་ཡིག་དང་ཧྥ་ཡིག་ལ་སྒྱུར་མཁན་གཅིག་པུ”ཞེས་པའི་མཚན་གསོལ་ཡོད།
   2010ལོར། ཞུས་ཡོན་ཁྲུང་ལ་“ཀྲུང་གོའི་ལོ་ཙཱ་རིག་གནས་ཚེ་ནོམ་བྱ་དགའ་”ཐོབ་པ་རེད། 2014ལོར་ཞུས་ཡོན་ཁྲུང་ལ་རྒྱལ་སྤྱིའི་ལོ་ཙཱ་ལས་རིགས་ཀྱི་ཆེས་མཐོ་བའི་བྱ་དགའི་རིགས་གཅིག་སྟེ་“བྱང་སྣེའི་འོད”ཅེས་པའི་རྩོམ་རིག་ལོ་ཙཱའི་ཕུལ་བྱུང་བྱ་དགའ་ཐོབ། ཁོང་ནི་བྱ་དགའ་འདི་ཐོབ་མཁན་གྱི་ཡ་གླིང་གི་ལོ་ཙཱ་བ་ཨང་དང་པོར་གྱུར།