འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་15ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཀྱི “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་
ཤུལ་བཞག་གི་འགྲེམས་འཁྲབ་དང་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་15ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཚེས་12ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་པས་ལྷ་མོ་འཁྲབ་བཞིན་པ།
འདི་ནི་ཚེས་12ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ཡོད་པའི་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་པས་ལྷ་མོ་འཁྲབ་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། 2021ལོའི “རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་འཁྲབ་དང་འགྲེམས་སྟོན་བྱེད་སྒོ་རབ་དང་རིམ་པའི་འགོ་ཚུགས་མཛད་སྒོ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)དུ་འཚོགས་པ་རེད།