འཚོལ་བཤེར།   
藏文频道
2021ལོའི་ཟླ་6ཚེས་8ཉིན།

༄༅།།བོད་ལྗོངས་ནག་ཆུར་གློག་ཡོད་གློག་སྐུད་ཁྲིད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 06ཚེས་08ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ལྗོངས་ནག་ཆུར་གློག་ཡོད་གློག་སྐུད་ཁྲིད་པ།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་གྱི་སྔ་དྲོ། ས་བབ་མཐོ་ཚད་སྨི་4490ཟིན་པའི་བོད་ལྗོངས་ནག་ཆུའི་ལྷོ་རྒྱུད་ཁུལ་གསར་དུ་རྒྱལ་ཁབ་གློག་དྲ་ཧང་ཀྲོའུ་གློག་མཁོ་འདོན་ཀུང་སི་དང་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་མཁོ་འདོན་ཀུང་སིའི་མཉམ་འབྲེལ་ལས་སྒྲུབ་ཚོགས་པ་རུ་ཁག་གིས་ཆན་ཧྥུའུ་10ཡི་གློག་ཤིང་ཨང་75པའི་གློག་ཡོད་གློག་སྐུད་བདེ་བླག་ངང་ཁྲིད་ཅིང་། འདི་ནི་ནག་ཆུ་གྲོང་ཁྱེར་གྱིས་ཆན་ཧྥུའུ་10ཟིན་པའི་གློག་ཡོད་གློག་སྐུད་ཁྲིད་ཐེངས་དང་པོ་ཡིན་ལ། ད་བར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་སུ་ཁྲིད་པའི་གློག་ཡོད་གློག་སྐུད་ཀྱང་ཡིན་པས། རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་དུ་གློག་ཡོད་གློག་སྐུད་ཁྲིད་པའི་སྟོང་ཆ་བསྐངས་ཡོད།