འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་17ཉིན།

༄༅།།རང་རྒྱལ་གྱི་སྲུང་སྐར་ཆུང་གྲས་ཀྱི་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་ཐོག་མས་སྲུང་སྐར་དང་པོ་བཟོས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་15ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཝུའུ་ཧན་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཐོན་ལས་རྟེན་གཞིའི་སྲུང་སྐར་ཐོན་སྐྱེད་གླིང་དུ་གནས་པའི་རྒྱལ་ནང་གི་སྲུང་སྐར་ཆུང་གྲས་རིག་ནུས་ཐོན་སྐྱེད་སྒྲུབ་རིམ་ཐོག་མ་ནས་སྲུང་སྐར་དང་པོ་དེ་བཟོས་པ་དེ་ཐོག་ནས་རང་རྒྱལ་འདི་ཉིད་སྲུང་སྐར་ཆུང་གྲས་འབོར་ཆེན་ཐོན་སྐྱེད་བྱེད་པའི་དུས་མཚམས་སུ་སླེབས་ཉེར་ཡོད་པ་མཚོན་ཡོད།
    ད་ཐེངས་ཐོན་སྐྱེད་བྱས་པའི་སྲུང་སྐར་འདི་ཉིད་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་བཟོ་བྱས་པ་ཞིག་རེད་ལ། འབོར་ཆེན་ཐོན་སྐྱེད་ལ་ཕྱོགས་པའི་དཔེ་མཚོན་སྲུང་སྐར་ཞིག་ཀྱང་རེད། སྲུང་སྐར་འདི་ཉིད་ནི་གྲུབ་ཆ་དང་སྒྲིག་གཞིའི་ཐད་མ་ལག་དབྱེ་བ་དང་། ཚ་དྲོད་ཚོད་འཛིན་ཐད་མ་ལག་དབྱེ་བ། གློག་མཁོ་སྤྲོད་སྒྲིག་སྦྱོར་ཐད་མ་ལག་དབྱེ་བ། ཚུགས་ཀ་ཚོད་འཛིན་ཐད་མ་ལག་དབྱེ་བ། ཕྱོགས་བསྡུས་གློག་རྡུལ་ཐད་མ་ལག་དབྱེ་བ། ལས་གྲྭ་ཚད་ལེན་ཚོད་འཛིན་ཐད་མ་ལག་དབྱེ་བ། ནུས་ལྡན་ཐེག་ཚད་ཐད་མ་ལག་དབྱེ་བ་བཅས་མ་ལག་ཆེ་གྲས་7ལས་གྲུབ་ཡོད་པ་རེད།