འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།རྒྱ་གར་གྱིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་མི་ཁྲི་2400ཉེ་བ་ཙམ་ཡོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་གར་གྱིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་མི་ཁྲི་2400ཉེ་བ་ཙམ་ཡོད་པ།
 མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་རྡི་ལི་གསར་པ་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་རྒྱ་གར་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། རྒྱ་གར་དུ་ཉིན་གཅིག་ལ་ཏོག་གསར་གློ་ཚད་ཕོག་པའི་ནད་དཔེ་362727གསར་དུ་འཕར་བ་དང་། རིམ་རྩིས་བྱས་ན་ནད་དཔེ་23703665གཏན་འཁེལ་བྱས་ཡོད། ཚེ་འདས་ནད་དཔེ་4120གསར་དུ་འཕར་བ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་258317ཡོད།
     ཆེད་མཁས་པས་ངོས་འཛིན་བྱས་དོན། གཞན་འགྱུར་ཏོག་གསར་གློ་ཚད་ནད་དུག་བྱུང་བ་དང་མགྱོགས་མྱུར་གྱིས་ཁྱབ་སྤེལ་བྱེད་པ་ནི་རྒྱ་གར་གྱི་རིམས་ནད་གློ་བུར་དུ་ཇེ་སྡུག་ཏུ་འགྲོ་བའི་རྒྱུ་རྐྱེན་གྲས་ཤིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་12ཉིན་གོ་ལ་ཧྲིལ་པོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གཟའ་འཁོར་ཚགས་པར་ཐོག་བསྟན་དོན། ཆེས་ཐོག་མར་རྒྱ་གར་གྱིས་སྙན་ཞུ་ཕུལ་བའི་གཞན་འགྱུར་ཏོག་གསར་གློ་ཚད་རིམས་ནད་B.1.617དེ་རྒྱལ་ཁབ་དང་ས་ཁུལ་44ལ་ཁྱབ་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མིག་སྔར་གཞན་འགྱུར་ནད་དུག་དེ“དོ་ཁུར་བྱེད་དགོས་པའི”གཞན་འགྱུར་ནད་དུག་ནང་བཅུག་པ་རེད།
     ཚེས་12ཉིན། རྒྱ་གར་འཕྲོད་བསྟེན་པུས་གསལ་བསྒྲགས་ཤིག་སྤེལ་བའི་ནང་བཤད་དོན། སྨྱན་སྦྱོར་ཁག་གཅིག་གིས་འཕྲིན་སྤེལ་གྱི་ནང་དུ་B.1.617ལ་“རྒྱ་གར་གྱི་གཞན་འགྱུར་ནད་དུག”ཅེས་བརྗོད་ཀྱི་ཡོད།  “འདི་རིགས་ཀྱི་འཕྲིན་སྤེལ་ལ་གཞི་འཛིན་ས་གང་ཡང་མེད་པ་”མ་ཟད། སྨྱན་སྦྱོར་ཁག་ལ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐ་སྙད་འདི་རིགས་སྤྱོད་མི་རུང་བའི་བླང་བྱ་བཏོན་པ་རེད།
【1】  【2】  【3】
༄༅།།རྒྱ་གར་གྱིས་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་མི་ཁྲི་2400ཉེ་བ་ཙམ་ཡོད་པ།