འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།རྒྱལ་ཁབ་རིམ་པའི་སྒྲིག་གཞི་གསར་པས་དངོས་སུ་སྒོ་བྱང་བཀལ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་རིམ་པའི་སྒྲིག་གཞི་གསར་པས་དངོས་སུ་སྒོ་བྱང་བཀལ།
     མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་5ཚེས་13ཉིན་གྱི་ཆུ་ཚོད་10པར། པེ་ཅིང་གྲོང་ཁྱེར་ཧའེ་ཏེན་ཁུལ་ཀྲི་ཁྲུན་ལམ་ཨང་14པའི་རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱིས་སྒོ་བྱང་དངོས་སུ་བཀལ་ཡོད། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་བཙུགས་པ་དེའི་ཐོག་ནས་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་འགན་ནུས་དེ་ནད་ཡམས་སྔོན་འགོག་ཚོད་འཛིན་ཁོ་ན་བྱེད་པ་ནས་མི་ཚོགས་ཡོངས་ཀྱི་བདེ་ཐང་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་དང་སྐུལ་འདེད་གཏོང་བར་འགྱུར་ལྡོག་ཕྱིན་པ་མཚོན་པ་དང་། སྒྲིག་གཞི་གསར་པས་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་བཟོ་བ་སོགས་ཀྱི་འགན་ནུས་ཆེན་པོ་ལྔ་འགན་འཁུར་བྱ་རྒྱུ་རེད།