འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།བོད་ལྗོངས་དང་། ཤིན་ཅང་། མཚོ་སྔོན་བཅས་ཀྱི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་མི་སེམས་སུ་གཏིང་
ཟབ་ཟུག་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་14ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཉིང་། ཁྲེན་ཧྲང་ཚའེ། སུན་ཧྲའོ་ཞུང་།
    སོ་སོས་བརྒྱུད་མྱོང་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱེད་པའི་ལོ་རྒྱུས་བརྗོད་པ་དང་། “དམར་དམག་ཆུང་ཆུང”གདན་དྲངས་ནས་གསར་བརྗེའི་གནས་རྟགས་སུ་དམར་དམག་གི་གཏམ་རྒྱུད་བརྗོད་པ། རྟ་བཞོན་ནས་འབྲོག་ཁུལ་དུ་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་པ་སོགས་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། བོད་ལྗོངས་དང་། ཤིན་ཅང་། མཚོ་སྔོན་བཅས་ཀྱིས་རྣམ་པ་སྣ་ཚོགས་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ནས་རྒྱ་ཁྱབ་ངང་སྤེལ་བའི་ཏང་གི་ལོ་རྒྱུས་སྒྲོག་འགྲེལ་བྱེད་སྒོའི་རྣམ་པ་རེད། ས་གནས་དེ་དག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མི་སེམས་སུ་གཏིང་ཟབ་ཟུག་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
    “ངས་བོད་གསར་རྙིང་ལ་དཔང་པོ་བྱས་ཆོག སུས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། སུས་བོད་ཀྱི་མི་དམངས་སྡུག་བསྔལ་གྱི་གནས་སུ་གྱར་དུ་བཅུག་པ་ངས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཨུད་འཆད་ཁྲིད་ཚོགས་པའི་འཆད་ཁྲིད་པ་པ་གཡང་གིས་སོ་སོས་དངོས་སུ་བརྒྱུད་མྱོང་བའི་གནས་ཚུལ་དག་བརྗོད།
   ཆབ་མདོ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ་དང་མཉམ་དུ་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་62འཁོར་བར་དྲན་གསོ་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད།
    ཆུ་ཚོད་གཅིག་ལྷག་ཙམ་རིང་གི་སྒྲོག་འགྲེལ་བྱེད་རིང་། པ་གཡང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས་པའི་དོན་སྙིང་དང་། དམིགས་ཡུལ། བོད་གསར་རྙིང་བསྡུར་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན། གཞོན་ནུ་ལོ་ཆུང་གིས་གང་ཞིག་བྱེད་དགོས་པ་དང་གང་ཞིག་བྱེད་མི་རུང་བ་སོགས་ཀྱི་ཐད་ལ་དམ་པོར་དམིགས་ནས། རང་ཉིད་ཀྱི་མྱོང་བ་དང་ཟུང་འབྲེལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་བྱས་པ་རེད།
     ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གཞི་རིམ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གསར་གཏོད་ལྡན་པའི་སྒོ་ནས་སྤེལ་ཡོད། “བོད་སྐྱོད་སྔོན་སྐྱོད་ལེན་གྱི་དྲན་གསོ་ཁང”དང་། “བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་དྲན་གསོ་ཁང” “ལམ་གཉིས་ཀྱི་སྙིང་སྟོབས་དྲན་གསོ་ཁང” རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་གང་ལེགས་སྤྱད་དེ་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་ན་གཞོན་སློབ་མ་སྒྲིག་འཛུགས་ཀྱིས་ལྟ་སྐོར་སློབ་སྦྱོང་བྱེད་པའི་ཁྲོད་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཚོར་བ་དང་ཏང་གིས་གངས་ལྗོངས་ས་མཐོར་བྱས་རྗེས་རླབས་ཆེན་བཞག་པ་ཤེས་རྟོགས་ཐུབ་པར་བྱས་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་གི་དྲན་གསོ་ཁང་གིས་དམར་དམག་སློབ་ཆུང་སློབ་མ་སྒྲིག་འཛུགས་བྱས་ཏེ“དམར་དམག་གི་དམག་ཆས”སྤྲས་ནས་དམར་དམག་གི་གཏམ་རྒྱུད་བརྗོད་པ་དང་གཞོན་ནུ་ལོ་ཆུང་གི་སྐད་ཆའི་ཐོག་ནས་ལྟ་སྐོར་བྱེད་མཁན་མང་ཚོགས་ལ་ཏང་གི་ལོ་རྒྱུས་དང་། གསར་བརྗེའི་གཏམ་རྒྱུད། དཔའ་བོའི་གཏམ་རྒྱུད་བཅས་བརྗོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་གསར་བརྗེའི་ས་བོན་དང་གསར་བརྗེའི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།
    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བ་བརྒྱུད་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་ཀྱི་རྒྱུན་མཐུད་པ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་པ་རེད།
    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་མཚོ་ལྷོའི་ཚགས་པར་གྱི“ཕན་ཚུན་ལྟ་སྐྱོང”ཞེས་པའི་APPབརྒྱུད་དེ་བོད་སྐད་ཐོག་ནས་ཉིན་ལྟར“ཏང་གི་ལོ་བརྒྱའི་ལོ་རྒྱུས་ཉིན་ལྟར་ཀློག་པ”ཞེས་པའི་ཏང་གི་ལོ་རྒྱུས་མཚོན་པའི་གཏམ་རྒྱུད་རབ་དང་རིམ་པ་བརྒྱུད་བསྐུར་བྱས་ཏེ་མང་ཚོགས་ཀྱི་གོ་ཐུབ་པའི་སྐད་ཆའི་ཐོག་ནས་ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་བཏང་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མེན་ཡོན་ཧུད་རིགས་རང་སྐྱོང་རྫོང་གིས“གསར་བརྗེའི་ས་བོན་རྒྱུན་འཛིན། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དངོས་མཚོན་ཏང་གི་སློབ་ཚན་དང་། གསར་བརྗེའི་ལོ་རྒྱུས་བརྗོད་པ། གསར་བརྗེའི་ཁྱིམ་ཡིག་བསྐྱར་ཀློག་བཅས་ཀྱི་ཐོག་ནས་ལྟ་སྐོར་བར་གསར་བརྗེའི་སྔོན་བྱོན་པས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཆེད་དུ་རང་སྲོག་བློས་གཏོང་བཏང་བའི་སྙིང་སྟོབས་ཚོར་དུ་བཅུག་ཡོད། ཟླ་4ཚེས་30ཉིན་བར་མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན། རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཐེངས་5500ཙམ་བྱས་པ་དང་མི་ཐེངས་ཁྲི་46ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་ཡོད།
    ཉེ་ཆར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཐ་ཁྲེང་ས་ཁུལ་དང་པུའུ་ཁེ་སའེ་སོག་རིགས་རང་སྐྱོང་རྫོང་དུ་པུའུ་སི་ཏུན་གེ་འབྲོག་རའི་པུའུ་ཧུ་ཐེ་གྲོང་ཚོའི“རྟ་ཐོག་སྒྲོག་འགྲེལ་ཚོགས་པའི”སྒྲོག་འགྲེལ་པ་ཚོས་རྟ་བཞོན་ནས་འབྲོག་གུར་ནང་བསྐྱོད་དེ་འབྲོག་པ་ཚོའི་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་བརྗོད་པ་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འབྲོག་ར་དང་། གཉེན་སྒྲིག ངལ་ལས་བཅས་ཀྱི་རྩོད་གཞིའི་གནད་དོན་ལ་རེ་རེ་བཞིན་ལན་བཏབ་པ་རེད།
   “རྟ་ཐོག་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་པཱ་ཐུའུ་ནཱ་ཧྲེང·དབྱི་ཏེ་མུའུ་ཅཱ་ཕུའུ་ཡིས། མིག་སྔའི་དུས་ནི་ལུ་གུ་སྐྱེ་བའི་འགག་རྩའི་དུས་སྐབས་རེད། འབྲོག་པ་ཚོ་དཔྱིད་དུས་འབྲོག་རར་ཁ་ཐོར་ནས་སྡོད་ཀྱི་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“མཐའ་མའི་འགག་གནད”ཐག་གཅོད་བྱ་ཆེད། ཁོ་ཚོས་འབྲོག་ཁུལ་གྱི་ཁྱད་ཆོས་ལྟར་སྒྲོག་འགྲེལ་ཇུས་གཞི་བཟོས་པ་དང་ཐག་རིང་ས་ཁུལ་ལ་རྟ་བཞོན་ནས་བསྐྱོད་དེ་སྒྲོག་འགྲེལ་ལ་ཕན་འབྲས་བཟང་པོ་ཐོན་པའི་འགན་ལེན་བྱས་ཡོད་ཅེས་བརྗོད་བྱུང་།
    “རྟ་ཐོག་སྒྲོག་འགྲེལ་ཚོགས་པས”ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་འབྲོག་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་དྲིལ་བསྒྲགས་བྱས་ནས་འབྲོག་པ་ཚོའི་ཡིད་ཆེས་ཆེ་རུ་བཏང་བ་དང་ངར་ཤུགས་འཕེལ་བར་བྱས་ཡོད་ལ། འབྲོག་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ཀྱང་བཏང་ཡོད། གཞན་ཡང་། འབྲོག་པ་ཚོའི་བསམ་ཚུལ་དང་འདུན་པ་ཟིན་ཐོར་བཀོད་དེ་ཤང་ཏང་ཨུད་དང་སྲིད་གཞུང་ལ་གོང་ཞུ་བྱས་པ་རེད།
    འབྲོག་པ་ཏུའུ་ཀེན·ཅེ་ཁེན་གྱིས“སྒྲོག་འགྲེལ་ཉན་རྗེས་ཕན་པ་ཐོབ་བྱུང་། རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་། རྩྭ་ཐང་གི་ཁ་གསབ། འབྲོག་པའི་བདེ་སྡོད་ཁང་པ། ཕྲུ་གུ་སློབ་གྲྭར་སྐྱོད་པའི་རྩ་ཆག་གཉིས་དང་ཁ་གསབ་གཅིག་སོགས་ཏང་གི་སྲིད་ཇུས་བཟང་པོས་མི་སེར་ལ་ཕན་པ་ཐོབ་ནས་ཚང་མའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད”ཅེས་བརྗོད་པ་རེད།