འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་14ཉིན།

༄༅།།2030ལོར་རང་རྒྱལ་དུ་རྒན་རྒོན་གྱི་གླེན་ནད་ཕོག་མཁན་མི་ཁྲི་2220ཟིན་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་13ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན། ཀྲུང་གོའི་རྒན་རྒོན་མཐུན་ཚོགས་ཀྱིས་《ཤེས་རྟོགས་ནད་ཕོག་པའི་རྒན་རྒོན་ལ་ལྟ་སྐྱོང་ཞབས་ཞུ་བྱེད་པའི་ད་ལྟའི་གནས་ཚུལ་དང་འཕེལ་རྒྱས་སྐོར་གྱི་སྙན་ཞུ》དང་《ཤེས་རྟོགས་ནད་ཕོག་པའི་རྒན་རྒོན་ལ་ལྟ་སྐྱོང་ཞབས་ཞུ་བྱེད་པའི་ཕྱོགས་སྟོན》སྤེལ། སྙན་ཞུའི་ནང་གསལ་བར། རང་རྒྱལ་དུ་ལོ་60ཡན་གྱི་རྒན་རྒོན་ཁྲོད་རྒན་རྒོན་གྱི་གླེན་ནད་ཕོག་མཁན་ཁྲི་1507ཙམ་ཡོད་པ་དང་། སྔོན་དཔག་བྱས་ན་2030ལོར་སླེབས་སྐབས་ཁྲི་2220ཟིན་རྒྱུ་དང་། 2050ལོར་ཁྲི་2898ཟིན་རྒྱུ་རེད། སྙན་ཞུའི་ནང་རང་རྒྱལ་གྱི་མི་འབོར་རྒན་རྒོན་ཅན་དུ་མགྱོགས་པོར་འཕེལ་ནས། ཤེས་རྟོགས་ནད་ཕོག་པའི་རྒན་རྒོན་གྱི་ལྟ་སྐྱོང་ཞབས་ཞུའི་དགོས་མཁོའི་སྤྱི་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ནས་ཡུན་རིང་གི་བདག་སྐྱོང་འགན་བཅོལ་ཁྱབ་རྒྱ་ཆེ་རུ་འགྲོ་རྒྱུ་དང་། རྒན་གསོ་ཞབས་ཞུའི་སྒྲིག་གཞི་རིམ་བཞིན་གཞན་སྒྱུར་ཡོང་རྒྱུ། སྡེ་ཁུལ་དུ་ལྟ་སྐྱོང་ཞབས་ཞུའི་རྣམ་གྲངས་མང་དུ་གཏོང་རྒྱུ་སོགས་ཀྱི་འགྱུར་ལྡོག་གང་འཚམ་ཡོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།