འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་11ཉིན།

༄༅།།གོ་ལ་ཡོངས་ཀྱི་མི་དུང་ཕྱུར་1.55ལ་འབྲུ་རིགས་མི་འདང་བ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་11ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས། འཛམ་གླིང་འབྲུ་རིགས་འཆར་གཞི་བཀོད་སྒྲིག་ཁང་དང་ཡོ་རོབ་མནའ་འབྲེལ་གྱིས་ཉེ་ཆར་མཉམ་དུ་དྲ་ཐོག་ཏུ་སྤེལ་བའི་《2021ལོའི་གོ་ལ་ཡོངས་སུ་འབྲུ་རིགས་མི་འདང་བའི་སྙན་ཞུ》ལས་བཤད་དོན། རྒྱལ་ཁབ་དང་ས་ཁུལ་55ཁྲོད། 2020ལོར་ཆེས་ཉུང་ནའང་མི་དུང་ཕྱུར་1.55ལ་འབྲུ་རིགས་བདེ་འཇགས་གནད་དོན་ཚབས་ཆེན་འཕྲད་ཡོད་ཅིང་། དེ་ནི་ལོ་གོང་མ་ལས་མི་ཁྲི་2000མང་དུ་ཕྱིན་ཞིང་། ལོ་5ནང་ཆེས་མཐོ་བའི་ཆུ་ཚད་ལ་སླེབས་ཡོད། 
   འབྲུ་རིགས་བདེ་འཇགས་གནད་དོན་ཚབས་ཆེན་ཟེར་བ་ནི་ཚེ་སྲོག་གམ་འཚོ་བ་ལ་འབྲུ་རིགས་འདང་ངེས་ཤིག་སྤྲོད་མི་ཐུབ་པ་ལས་འཕྲད་པའི་ཐད་ཀའི་ཉེན་ཁ་ལ་ཟེར་བ་རེད། སྙན་ཞུ་ལས་མངོན་གསལ། གདོང་ཐུག་དང་ཏོག་གསར་གློ་ཚད་རིམས་ནད། ཐལ་དྲག་པའི་གནམ་གཤིས་སོགས་ཀྱི་རྒྱུ་རྐྱེན་གྱིས་ཤུགས་རྐྱེན་ཐེབས་པས། ཉེ་བའི་ལོ་འགའི་རིང་གོ་ལ་ཡོངས་སུ་འབྲུ་རིགས་བདེ་འཇགས་གནད་དོན་ཚབས་ཆེན་བསྟུད་མར་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཧྥེ་གླིང་རྒྱལ་ཁབ་ལ་ཐེབས་པའི་ཤུགས་རྐྱེན་ནི་དེ་བས་མངོན་གསལ་དོད་པོ་ཡོད། 2020ལོར། གོ་ལ་ཡོངས་སུ་འབྲུ་རིགས་བདེ་འཇགས་གནད་དོན་ཚབས་ཆེན་འཕྲད་པའི་མི་འབོར་ཁྲོད་དུ་མི་2/3ཧྥེ་གླིང་སྐམ་ས་རུ་འཚོ་བཞིན་ཡོད་པ་རེད།