འཚོལ་བཤེར།   
藏文频道
2021ལོའི་ཟླ་5ཚེས་6ཉིན།

༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།  

—— སྡུག་བསྔལ་དང་འཚོ་བ་གསར་པ་བརྒྱུད་མྱོང་བའི་བསོད་ནམ་སྟོབ་རྒྱལ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་06ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
     མི་དམངས་དྲ་བའི་འཕྲིན།  བསོད་ནམ་སྟོབ་རྒྱལ་ནི་1939ལོར་སྐྱེས་པ་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ན་ལུང་གྲོང་ཚོའི་འབྲོག་པ་ཞིག་ཡིན།
     བོད་རྙིང་པའི་འཚོ་བ་ཕྱིར་དྲན་བྱེད་སྐབས། བགྲེས་སོང་གིས་སྐབས་དེར་ཁོང་ཚོའི་ནང་མི་ནི་མངའ་བདག་ཆེན་པོ་གསུམ་གྱི་ཞིང་བྲན་ཡིན་ཞིང་། ཉིན་མཚན་མེད་པར་མངའ་བདག་ཆེན་པོ་གསུམ་གྱི་གཉའ་གནོན་མྱོང་དགོས་ལ་རྫོགས་མཐའ་མེད་པའི་ཁྲལ་འཇལ་དགོས་ཀྱི་ཡོད། དེ་དུས་ཀྱི་བཀའ་ཤག་སྲིད་གཞུང་ལ་ཁྲལ་འུ་ལག་རྒྱུག་དགོས་ལ་དགོན་སྡེར་ལས་ཀ་བྱེད་དགོས།ད་དུང་ཡུལ་དེ་གའི་ཕྱུགས་བདག་གི་ཕྱུགས་ཀྱང་འཚོ་དགོས་ཀྱི་ཡོད་ཅེས་བཤད།
     ཁོང་གིས་ད་ལྟ་ཡང་རྒན་རབས་ཚོ་ནམ་མ་ལངས་དུས་ནས་ཁྲལ་འུ་ལག་འགྲོ་དགོས་པ་དེ་བརྗེད་མེད་པ་སྟེ། མར་ཁྲལ་དང་། ཕྱུར་བའི་ཁྲལ། ཤ་ཁྲལ་བཅས་ཐད་ཀྱི་འུ་ལག་མ་ཚད་ད་དུང་གྲོ་མའི་ཁྲལ་དང་ཤ་མོའི་ཁྲལ་གྱི་འུ་ལག་ཀྱང་རྒྱུག་དགོས་ཀྱི་ཡོད།
     ཐེངས་ཤིག་བསོད་ནམ་སྟོབ་རྒྱལ་དང་ཡུལ་མི་ཚོ་མཉམ་དུ་མར་དབོར་བའི་འུ་ལག་འགྲོ་བའི་ལམ་དུ། མེ་ལྟར་ཚ་བའི་ཉི་མས་ཁུག་མའི་ནང་གི་མར་བཞུས་ནས་མར་ཁུག་མའི་ནང་འབྱར་སོང་ཡོད། ཁོང་ཚོས་ཁྲལ་བསྒྲུབས་ཚར་ནས་གྲོང་ཚོར་ལོག་རྗེས་ཁུག་མའི་ནང་འབྱར་བའི་མར་ཏོག་ཙམ་དེ་བླངས་ནས་ཇ་“ཞིམ་པོ”ཞིག་བཟོས་ནས་འཐུང་བ་ཡིན……
     1959ལོར་བོད་ལྗོངས་ལ་དམངས་གཙོའི་བཅོས་སྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བསོད་ནམ་སྟོབ་རྒྱལ་ཚང་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་ཐོབ་ཡོད་ལ། ནད་ཕོག་པའི་ཨ་ཕར་སྨན་རིན་མི་དགོས་པའི་སྨན་བཅོས་བྱེད་ཐུབ་ཡོད། ཁོང་ཁྲལ་འུ་ལག་འགྲོ་མི་དགོས་ལ་ཁྲལ་ཡང་འཇལ་མི་དགོས། ཁོང་ད་དུང་གྲོང་ཚོའི་ལས་བྱེད་པ་དང་། རྩིས་གཉེར། བདེ་སྐྱོང་དོ་དམ་པ་སོགས་དེ་སྔར་དྲན་པའི་བསམ་བློའང་ཡོང་མི་ཕོད་པའི“དཔོན་པོ”བྱེད་ཐུབ་ཡོད།
     2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ནས་བསོད་ནམ་སྟོབ་རྒྱལ་ཚང་གིས་སྔ་རྗེས་སུ་འདྲུད་འཐེན་འཕྲུལ་འཁོར་དང་། ལྕགས་གཞོང་རླངས་འཁོར། འདྲུད་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་ཉོས་ཡོད་ལ། ནང་མི་ཚང་མས་དཀའ་སྤྱད་ངལ་རྩོལ་བྱས་པར་བརྟེན་ནས་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་ཉིན་རེར་ལེགས་སུ་ཕྱིན་པ་དང་འཚོ་བ་ཉིན་རེ་ལས་ཉིན་རེར་འབྱོར་ཕྱུག་ལྡན་པར་ཕྱིན་ཡོད།
【1】  【2】
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
༄༅།།བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།