འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་26ཉིན།

༄༅།།དྲ་ཐོག་གི་ཀོང་ཀྲོའུ་ཚོང་འདུས་ཆེན་པོ་སྐབས་129པ་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་26ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་ཕྱི་དྲོ། དྲ་ཐོག་གི་ཀོང་ཀྲོའུ་ཚོང་འདུས་ཆེན་པོ་སྐབས་129པ་མཇུག་འགྲིལ་ཞིང་། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ངན་པ་ཐེབས་པ་དང་། རྒྱལ་སྤྱིའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་ལ་སྙོམས་སྒྲིག་ཡག་པོ་བྱེད་དགོས་པའི་སྐབས་སུ། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས“སྒོ་དབྱེ་དང་། མཉམ་ལས། གཉིས་ཕན”བཅས་ཀྱི་འདུ་ཤེས་ཀྱི་ཐོག་ནས་དྲ་ཐོག་ཏུ་ལེགས་གྲུབ་ལྡན་པའི་ངང་གཉེར་བ་དེས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་བརྟན་ལ་ལེགས་པའི་འཕེལ་ཕྱོགས་བརྟན་དུ་གཏོང་བ་དང་། ཕྱི་ཚོགས་ཚོང་དོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་ཤར་གཏོང་བྱེད་པ་བཅས་ལ་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་བ་མ་ཟད། འཛམ་གླིང་གི་ཚོང་དོན་དང་དཔལ་འབྱོར་སླར་གསོར་སྒུལ་ཤུགས་ཆེན་པོ་བསྣན་པ་རེད།
    ཀོང་ཀྲོའུ་ཚོང་འདུས་ཆེན་པོའི་གསར་འགྱུར་མགྲིན་ཚབ་པ་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་པིང་གིས་ངོ་སྤྲོད་བྱས་དོན། ཟླ་4ཚེས་24ཉིན་བར་སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཆེན་པོའི་གཞུང་ཕྱོགས་དྲ་བར་འཛུལ་ཚད་རིམ་རྩིས་བྱས་ན་ཐེངས་ཁྲི་3538ཟིན་པ་དང་། རྒྱལ་ཁབ་དང་ས་ཁུལ་227གྱི་ཉོ་སྒྲུབ་ཚོང་པས་ཐོ་བཀོད་ནས་འགྲེམས་སྟོན་ལ་བལྟས་ཏེ་ཉོ་སྒྲུབ་ཚོང་པའི་གྲངས་འབོར་བརྟན་པོའི་ངང་འཕར་བ་དང་། ཡོང་ས་སྣེ་མང་ཅན་དང་གོ་ལ་ཧྲིལ་པོ་ཅན་གྱི་ཁྱད་ཆོས་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཁྲི་2.6གིས་དྲ་ཐོག་ནས་གཅིག་སྡུད་འགྲེམས་སྟོན་བྱས་ཏེ་རིམ་རྩིས་བྱས་ན་འགྲེམས་སྟོན་དངོས་རྫས་ཁྲི་276དྲ་ཐོག་ཏུ་བཏོན་པ་དེ་སྐབས་གོང་མ་ལས་ཁྲི་29ཡིས་མང་དུ་ཕྱིན་ཡོད་པ་དང་། ཐོན་རྫས་གསར་པ་ཁྲི་84ཡོད་པ་དེ་སྐབས་གོང་མ་ལས་ཁྲི་11གིས་མང་བ། རིག་ནུས་ཐོན་རྫས་ཁྲི་11ཡོད་པ་དེ་སྐབས་གོང་མ་ལས་ཁྲི་1ལྷག་ཙམ་གྱིས་མང་བ་བཅས་རེད།