འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་22ཉིན།

༄༅།།སློབ་ཆུང་དང་སློབ་འབྲིང་གི་སློབ་ཡུན་འགྱུར་རྒྱུ་རེད་ཟེར་བ་དེ་ངོ་མ་མིན།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་22ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། སློབ་གསོ་པུའུ་ཡི་དྲ་ཚིགས་སྟེང་རྩོམ་ཡིག་བཀོད་ནས་དྲ་དམངས་ཤིག་གིས་ཟླ་4ཚེས་11ཉིན་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ཡུན་འགྱུར་ལྡོག་ཐད་བཏོན་པའི་འདྲི་རྟོག་ལ་དྲིས་ལན་བཏབ།
   དྲི་བ། ཉེ་ཆར་ཐེང་ཞུན་དྲ་ཚིགས་དང་བཤར་ཆས་ཆེ་གྲས་ཁག་སོགས་ཅུང་དབང་གྲགས་རང་བཞིན་ལྡན་པའི་དྲ་ཚིགས་སྟེགས་བུ་ཁ་ཤས་སྟེང་། གནས་ཚུལ་འདི་འདྲ་ཞིག་ཡང་ཡང་དུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་སྟེ། 2021ལོའི་སྟོན་ཁའི་སློབ་འགོ་ཚུགས་དུས་ནས་བཟུང་སློབ་ཆུང་གི་སློབ་ཡུན་དངོས་སུ་ལོ་5བར་ཐུང་དུ་གཏོང་རྒྱུ་དང་། སློབ་འབྲིང་གི་སློབ་ཡུན་ལོ་བཞི་ལ་འགྱུར་རྒྱུ། སྔོན་གྱི་སློབ་ཆུང་ལོ་རིམ་དྲུག་པ་དེ་དམའ་འབྲིང་གི་ཐོག་མའི་ལོ་རིམ་ལ་འགྱུར་རྒྱུ་རེད་བཤད་ཀྱི་འདུག བཤད་སྟངས་དེ་ངོ་མ་ཡིན་ནམ།
   དྲིས་ལན། བཤད་སྟངས་དེ་ངོ་མ་མ་རེད། སློབ་གསོ་པུའུ་ནས་མིག་སྔར་དེ་དང་འབྲེལ་ཡོད་སྲིད་ཇུས་བཏོན་མེད།