འཚོལ་བཤེར།   
藏文频道
2021ལོའི་ཟླ་4ཚེས་20ཉིན།

༄༅།།ས་མཐོའི་གནའ་གྲོང་གི་འཆད་འགྲེལ་པ“དམར་དམག་ཆུང་ཆུང”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་20ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
མཚོ་སྔོན་ཟི་ལིང་དམར་དམག་སློབ་ཆུང་གི་མཱ་ཁྲེང་པིན(གཡས)གྱིས་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དུ་དམག་སྡེ་དགུ་པའི་ཅུན་ཤོག་གི་འགོ་དཔོན་དཔའ་བོ་སུན་ཡུས་ཆིང་གི་གཏམ་རྒྱུད་འཆད་འགྲེལ་བྱེད་བཞིན་པ།
མཚོ་སྔོན་ཟི་ལིང་དམར་དམག་སློབ་ཆུང་གི་མཱ་ཁྲེང་པིན(གཡས)གྱིས་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དུ་དམག་སྡེ་དགུ་པའི་ཅུན་ཤོག་གི་འགོ་དཔོན་དཔའ་བོ་སུན་ཡུས་ཆིང་གི་གཏམ་རྒྱུད་འཆད་འགྲེལ་བྱེད་བཞིན་པ།
     “ནུབ་ལམ་དམག་དཔུང་གི་རྒྱ་ཆེའི་བཀོད་འཐབ་པ་ཚོས་གསར་བརྗེར་ལྷག་བསམ་རྣམ་དག་ཚད་མེད་བཅངས་ནས་སྤྱིར་བཏང་མིན་པའི་སེམས་ཤུཌ་བཅངས་ཏེ་རླབས་ཆེའི་ལོ་རྒྱུས་བརྩམས་ཡོད”མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དཔུང་དྲན་གསོ་ཁང་ནས་འཆད་འགྲེལ་པ་ན་ཆུང་ཚོའི་སྐད་སྒྲ་ལྷང་ངེར་གྲགས།
     ཁོང་ཚོ་ནི“དམར་དམག་གི་ཆས་གྱོན་པའི”ལོ་ན་10ཡས་མས་ལ་སླེབས་པའི་འཆད་འགྲེལ་པ་ཆུང་ཆུང་ཚོ་ཡིན་པ་དང་མཚོ་སྔོན་ཞིང་ཆེན་ཟི་ལིང་དམར་དམག་སློབ་ཆུང་གི་སློབ་མ་ཡིན། ཁོང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་ཏང་གི་ལོ་རྒྱུས་སློབ་གསོ་དང་ལེན་བྱེད་པར་ཡོང་མཁན་ཚོར་དམར་དམག་ནུབ་སྐྱོད་དང་ཞུམ་མེད་འབད་འཐབ་ཀྱི་འོད་སྟོང་འཕྲོ་བའི་མཛད་རྗེས་ངོ་སྤྲོད་གསལ་པོར་བྱེད་ཀྱི་ཡོད། ན་ཆུང་ཚོའི་ངོ་གདོང་ནས་བློ་རྩ་བརྟན་པའི་རྣམ་འགྱུར་ཞིག་མངོན།
     ཟི་ལིང་གྲོང་ཁྱེར་ཧྥེང་ཧོང་རི་གཤམ་གྱི་ནུབ་ལམ་དམག་དཔུང་དྲན་གསོ་ཁང་ནང་རྩ་ཆེའི་ལོ་རྒྱུས་ཀྱི་པར་དང་། གཡུལ་ས་ནས་གཏོང་རེས་བྱེད་པའི་ཏར་འཕྲིན། སྔོན་གཤེགས་དཔའ་བོའི་ཤུལ་བཞག་དངོས་རྫས་བཅས་རེ་རེ་ལས་ལོ་ངོ་80ལྷག་ཙམ་གོང་ནུབ་ལམ་དམག་དཔུང་གིས་རྨ་ཆུ་དང་མདོ་ལ་རིང་མོ་བརྒལ་ནས་ནུབ་བྱང་དུ་དཔུང་འཇུག་གཡུལ་འགྱེད་བྱེད་པའི་རྣམ་པ་མངོན་ལ། ནུབ་ལམ་དམག་དཔུང་གི་དཔོན་དམག་ཚོའི་ཁྲག་བཏོན་དམར་འཛིང་དང་། དད་སེམས་བརྟན་པོ། ཤི་རྒྱུར་མི་སྐྲག་པ་བཅས་ཀྱི་དཔའ་བོའི་མཛད་རྗེས་དང་གསར་བརྗེའི་སྙིང་སྟོབས་ཀྱང་མངོན་གྱི་ཡོད།
     དམར་དམག་སློབ་ཆུང་གི་སློབ་མ་ཚོས་དམར་དམག་གི་གཏམ་རྒྱུད་བརྗོད་པའི་བྱེད་སྒོ་དེ་སྤེལ་ནས་ལོ་གསུམ་ཙམ་ཕྱིན་ཡོད། ཟི་ལིང་གྲོང་ཁྱེར་དམར་དམག་སློབ་ཆུང་གི་རུ་ཆེན་གྱི་ཟུར་ཁྲིད་པ་ཞུས་ཀྲེན་གྱིས། ཉེ་བའི་ལོའི་རིང་སློབ་གྲྭའི་སློབ་མ་30ཙམ་འོས་འདེམས་བྱས་ནས་གསོ་སྦྱོང་བྱས་པ་བརྒྱུད། ཁོང་ཚོས་གཟའ་མཇུག་དང་གུང་གསེང་གི་དུས་ཚོད་སྤྱད་དེ་ནུབ་ལམ་དམག་དཔུང་དྲན་གསོ་ཁང་དུ་འཆད་འགྲེལ་བྱེད་པར་འགྲོ་ཡི་ཡོད་ཅེས་ངོ་སྤྲོད་བྱས།
     ལོ་11ལ་སླེབས་པའི་མཱ་ཁྲེང་པིན་ནི་དམར་དམག་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ཡིན་པ་དང་། ཁོ་པས་འཆད་འགྲེལ་ཁང་གི་འགྲེམས་པང་ཨང་ལྔ་པ་དཔའ་ངར་ཆེར་སྐྱེད་ཅེས་པའི་འཆད་འགྲེལ་པའི་འགན་འཁུར་གྱི་ཡོད། དམག་སྡེ་དགུ་པའི་ཅུན་ཤོག་གི་འགོ་དཔོན་སུན་ཡུས་ཆིང་གིས་སྐུ་མ་གཤེཌ་གོང“དམར་དམག་ལ་རྒྱལ་ཁ་ཐོབ་ངེས་ཡིན། གསར་བརྗེ་ལམ་ལྷོངས་ཡོང་ངེས་ཡིན”ཞེས་པའི་བསྒྲཌ་གཏམ་སྤེལ་བའི་སྐོར་ཤོད་སྐབས། མཱ་ཁྲེང་པིན་གྱིས་སྒྲ་གསལ་ཞིང་བརྩེ་དུང་ཟབ་མོས་འགྲེལ་བཤད་བརྒྱབ་པས། ལྟ་སྐོར་བ་ཚོ་ཡང་སྔོན་གཤེཌ་དཔའ་བོའི་གསར་བརྗེའི་བརྩེ་སེམས་དང་བློ་བརྟན་བག་ཡངས་ཀྱི་རྣམ་འགྱུར་ལ་དད་གུས་ཆེན་པོ་སྐྱེས་ནས་གནས།
     ཡང་དག་དང་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཤོད་རྒྱུ་ཡོད་པ་ནི“དམར་དམག་ཆུང་ཆུང”ཚོས་དུས་ཡུན་རིང་པོར་སྦྱོང་བརྡར་དང་གྲ་སྒྲིག་བྱས་པ་ལས་བྱུང་བ་ཞིག་རེད། སློབ་ཞོར་དུ་ཁོང་ཚོས་ནུབ་ལམ་དམག་དཔུང་གི་མཛད་རྗེས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོའི་ཉམས་འགྱུར་དང་དཔའ་ངར་གོ་རིམ་ལྡན་པའི་ངང་ཤེས་དགོས་ལ་འཆད་འགྲེལ་བྱེད་ཞོར་དུ་ཡང་ཕན་ཚུན་སྦྱོང་བརྡར་སྤྲོད་རེས་དང་འཆད་འགྲེལ་ཚིག་ངག་སྐྱོར་གཏོང་གི་ཡོད།
     “འགྲེམས་དངོས་རེ་རེ་བཞིན་ལ་རྒྱུས་མངའ་ལོན་པ་དང་རིག་དངོས་རེ་རེ་བཞིན་གྱི་གཏམ་རྒྱུད་ཤེས་ན་གཞི་ནས་མྱུར་ལ་གནད་ལ་འཁེལ་བའི་སྒོ་ནས་ལྟ་སྐོར་བ་ཚོའི་དྲི་བར་ལན་འདེབས་ཐུབ”ཅེས་དམར་དམག་སློབ་ཆུང་ལོ་རིམ་དྲུག་པའི་ལེ་ཧྥུང་འཛིན་གྲྭའི་སློབ་མ་མཱ་ཝུའེ་ཡིས་བརྗོད་པ་དང་། ཁོ་པས་འགྲེལ་བཤད་ཐེངས་དང་པོ་རྒྱག་དུས་འགྲེམས་ཁང་དུ་མི་མང་པོ་ཡོང་བ་མཐོང་སྐབས་སེམས་འཚབ་ཆེན་པོ་ལངས། འོན་ཀྱང་དྲན་གསོ་ཁང་གི་དགེ་རྒན་ཚོའི་ངང་རྒྱུད་རིང་བའི་ལྕག་སྐུལ་དང་མཛུབ་ཁྲིད་འོག་འཚེར་སྣང་གི་སེམས་པ་ཁྱད་དུ་བསད་དེ་འགྲེལ་བཤད་བདེ་བླག་ངང་བརྒྱབ། ཁོ་པས“དགེ་རྒན་གྱིས་ང་ལ་རོཌ་རམ་ཆེན་པོ་གནང་བྱུང་། ནུབ་ལམ་དམག་དཔུང་གི་དཔའ་བོ་ཚོའི་མཛད་རྗེས་ལས་དཀའ་ངལ་འཕྲད་སྐབས་ངེས་པར་དུ་རྒྱལ་ཐུབ་པའི་དད་སེམས་འཆང་དགོས་པའི་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།
     གསར་བརྗེའི་སྙིང་སྟོབས་ཀྱི་བག་ཆགས་བཟང་པོ་དང་ལྕག་སྐུལ་གྱི་ཁྲོད་དུ་འཆད་འགྲེལ་པ“དམར་དམག་ཆུང་ཆུང”ཚོ་ཉིན་རེ་ལས་མ་འདས་པར་འཚར་ལོངས་བྱུང་ཞིང་། གྲོང་མི་མཱ་ཧུང་ལེན་གྱི་བུ་དམར་དམག་སློབ་ཆུང་དུ་ལོ་རིམ་ལྔ་པ་འགྲིམ་གྱི་ཡོད་ལ་འཆད་འགྲེལ་པ“དམར་དམག་ཆུང་ཆུང”ཞིག་ཀྱང་རེད། མཱ་ཧུང་ལེན་གྱིས། སློབ་གྲྭ་དང་དྲན་གསོ་ཁང་གི་འཆད་འགྲེལ་གསོ་སྦྱོང་མཇུག་འགྲིལ་རིམ་བཞིན་བུས་ནང་མི་ཚོར་རང་ཉིད་ཀྱིས་གསར་དུ་སྦྱངས་པའི་དམར་དམག་གི་གཏམ་རྒྱུད་ཤོད་ཀྱི་འདུག “ང་ཚོས་མཉམ་དུ་དམར་དམག་དཔའ་བོའི་ལོ་རྒྱུས་སྦྱངས་ནས་གསར་བརྗེའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་བྱ་རྒྱུ་ཡིན”ཞེས་བཤད།
     ན་ཆུང་ཚོའི་སྐད་སྒྲ་ལས་ནུབ་ལམ་དམག་དཔུང་གི་དཔའ་བོའི་ཉམས་བཟང་སྒྲོག་པ་དང་། གསར་བརྗེའི་འཆད་འགྲེལ་ལས་གསར་བརྗེའི་ས་བོན་དང་གསར་བརྗེའི་རྒྱུད་པ་གཅིག་ལ་གཅིག་འཛིན་བྱེད་བཞིན་ཡོད།